[86B] ཨཱརྱ་མཉྫུ་ཤྲཱི་ཀརྨ་ཙ་ཏུ་ཤ་ཙཀྲ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་སྒྱུད་[?] འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོར་གྱུར་ཏེ་ཡུམ་ཆེན་མོ་དང་གཉིས་ སུ་མེད་པའི་མཁའ་ལ་བཞུགས་པ་ལ་འདི་ལྟ་སྟེ། འཁོར་ཁྲོ་བོ་དང། ཁྲོ་མོ་དང། མ་མོ་དང། མངག་གཞུག་དང། འབངས་ལ་སོགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ ཆེན་པོ་ལ་འདུད་པའི་ཚུལ་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བཙུན་མོ་དང་གཉིས་སུ་མེད་པར་གྱུར། སྐྱེ་འགག་དང་བྲལ་བའི་དོན་འདི་སྟོན་ཏོ། །ཡེ་ནས་མ་སྐྱེས་གཤིན་ རྗེ་ཆེན་པོའི་ཚོགས། །རྣམ་དག་དབྱིངས་ཀྱི་རང་ཉིད་རྣམ་པར་དག་པ་ལ། །གཉིས་མེད་འདུས་པའི་སྲས་མཆོག་གཤིན་རྗེ་གཤེད། །ཐབས་དང་ཤེས་རབ་རྣམ་པར་དག་པ་ཡི། ། ཀུན་གྱི་ཡེ་ཤེས་ཐམས་ཅད་འདུས་པ་སྟེ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་ཅན་མ་ལུས་མྱ་ངན་འདས་པའི་ལམ། །ཡེ་ཤེས་ཐམས་ཅད་དེ་ཡི་ངང་ལ་ རྫོགས༑ ༑འཁོར་བའི་ཉེས་སྐྱོན་ཐམས་ཅད་ཚར་གཅོད་ཕྱིར། །འདོད་ཆགས་འདུས་པའི་དཔལ་ལྡན་གར་གྱི་བདག་བྱེ་བ་བྲག་བརྒྱ་དཔག་ཏུ་མེད་པར་ཡང། །འདུལ་བའི་ [87A]༄༅། །དབང་གིས་དེ་ལྟ་བུ་ཡི་གཟུགས་སུ་བསྟན། །ཞེས་གསུངས་པས་འཁོར་གྱི་ཁྲོ་བོ་དང། ཁྲོ་མོ་ལ་སོགས་པ་ཐམས་ཅད་མགུ་བར་གྱུར་ཏོ། །དེ་ནས་ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །སེམས་ཅན་འཁོར་བས་གདུངས་པ་ལ། །མྱ་ངན་འདས་པའི་ལམ་ མཆོག་བསྟན། །བསྟན་པ་དམ་པ་འདི་གསུངས་པས། །ཐམས་ཅད་སྒྲོལ་བ་ངོ་མཚར་ཆེ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་དང་གཅིག་ ཏུ་འདུས་ཏེ་འདི་སྐད་ཅེས་གསུངས་སོ། །སྤྲུལ་པའི་སྐུ་དག་ཚད་མེད་དཔག་ཏུ་མེད། །ཐུན་མོང་མ་ཡིན་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་ཀྱི་འཕྲིན་ ལས་རྨད་དུ་བྱུང། །མི་དགེ་བཅུ་དང་མཚམས་མེད་ཚར་གཅད་པ། །ཟུག་རྔུ་མི་མངའ་ཆོས་ཉིད་རྨད་པོ་ཆེ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་པའི་སྐུ་ དང་གསུམ་ནི་དོན་དམ་ཀུན་ཏུ་སྦྱོར། །ཕྱོགས་བཅུ་བདེ་བར་གཤེགས་པ་ཐུགས་ཀྱི་དཔལ། །ཡང་དག་ཡེ་ཤེས་དཔལ་ཡིན་འཇམ་དཔལ་ཡིན། །ཞེས་བསྟོད་དེ་གཉིས་ སུ་མེད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དམ་པ་དེ་ལ་འཁོར་གྱིས་དེ་བཞིན་དུ་གསོལ་བ་ལ་དགྱེས་ཏེ་འདི་སྐད་ཅེས་གསུངས་སོ། །ཞི་བ་གཉིས་མེད་ཆོས་ཀྱི་ [87B] །སྙིང་པོ་གཉིས་མེད་བྱང་ཆུབ་སེམས་དཔའི་དོན། །ཐམས་ཅད་འདུས་པའི་བླ་མེད་དམ་པ་སྟེ། །དེ་བཞིན་གཤེགས་པའི་སྙིང་པོ་འདི་བཤད་དོ། །ཨོཾ་སརྦ་ཏ་ ཐཱ་ག་ཏ་ཨེ་ཧྱེ་ཧི་ཏ་ཐཱ་ག་ཏ་པྲ་བ་ཏི། བོ་དཧི་སཏ་དྷརྨ་དྷ་ཏུ། ཨེ་ཧྱེ་ཧི་ཛ་ཧཱུཾ་ཧྱེ་ཧི་ཧྱེ་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་ནས་བརྡས་མཚོན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྟེང་གི་ ཕྱོགས་སུ་སེམས་ཅན་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྙོམས་པར་ཞུགས་པས་ཕྱོགས་ལ་ཕྱོགས་སུ་བལྟས་ཏེ་རང་བཞིན་གྱིས་སྒྲོལ་བའི་ ནུས་པ་ཅན་དུ་གྱུར་ཏེ་ཐམས་ཅད་ཀྱང་སྒྲོལ་བར་གྱུར་ཏོ། །དེ་ནས་ཡུམ་གྱི་ཚོགས་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་བརྡ་འདིས་བཅོམ་ལྡན་འདས་ལ་བསྐུལ་ལོ། །ཨེ་མའོ་ ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །ཡེ་ཤེས་འདུས་པའི་འཕྲིན་ལས་མཆོག་བླ་མེད་ཐེག་པ་དེས་པ་ལ། །སྦྱོར་བ་མཆོག་གིས་བཤང་དུ་གསོལ། །ཞེས་བསྐུལ་བས་ ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དབང་ཕྱུག་གི་འཁོར་མྱ་ངན་ལས་འདས་པ་ ཐམས་ཅད་དང་བཅས་ནས་སྐུའི་རྒྱན་གྱིས་བརྒྱན་ཏེ་སོ་སོའི་བཙུན་མོའི་དགྱེས་པས་སྐུའི་ཉམས་སུ་བསྟར་བར་གྱུར་ཏོ། །དེ་ལྟར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ [88A]༄༅། །ཅད་བ་སྤུ་ལངས་ཏེ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། །སྐུ་གསུང་ཐུགས་རྣམས་འགྲོ་བ་སོ་སོར་འདུལ། །ངང་གིས་ཞི་བའི་དབྱིངས་ལས་མ་གཡོས་ ཀྱང༑ ༑འཕྲིན་ལས་རྣམ་བཞིས་འགྲོ་བ་སོ་སོར་འདུལ། །དེ་ཕྱིར་མཆོག་གི་རྒྱལ་པོ་འདི་བཤད་དོ། །ཞེས་གསུངས་བས་འཁོར་རྣམས་རབ་ཏུ་དགའ་མགུ་རངས་པར་ གྱུར་ཏེ་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་ཐུགས་ཀྱིས་འགྲོ་བ་རང་རང་འདུལ། །དབྱིངས་ལས་འདྲེན་པ་རྡོ་རྗེ་གསོར་བྱས་ཏེ། །འདི་ལྟར་འདུལ་བར་མཛད་པ་ངོ་ མཚར་ཆེ། །ཞེས་བརྗོད་དོ། །སྐུ་ལ་ཞུགས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོས་འདུལ་བར་མཁྱེན་ནས་འདི་སྐད་ཅེས་གསུངས་ སོ༑ ༑ཁྲ་དང་སྤྱང་ཀྱི་སྲིན་མོ་མུ་སྟེགས་རྣམས། །བདུད་དང་ལོག་འདྲེན་ཐམས་ཅད་ཚར་གཅད་ཕྱིར། །ཆོས་ཉིད་སྒྱུ་མ་ལྟ་དུ་སྤྲུལ་ནས་འཕྲིན་ལས་མཛད། །ཅེས་གསུངས་ པས་འཁོར་རྣམས་ངོ་མཚར་དུ་གྱུར་ཏེ། འདི་སྐད་དུ། ཨེ་མའོ་ཆེ་བའི་ཡོན་ཏན་ཀུན་ལ་ཁྱབ་པ་ལ། །ངང་གིས་ཁྲོ་བོར་བསྟན་པ་འདི་ལྟ་བུ། །ངོ་མཚར་རྨད་བྱུང་སྤྲུལ་པ་ འདི་ལྟ་བུ། །རབ་ཏུ་མི་སྲུན་འདུལ་བ་ངོ་མཚར་ཆེ། །ཞེས་གསོལ་ཏོ་།དེ་ནས་བཅོམ་ལྡན་འདས་ཀྱིས་མ་བསྐུལ་བར་འདི་སྐད་ཅེས་གསུངས་སོ་།ཁྱད་པར་རིམ་པར་ [88B] །ཡེ་ཤེས་དབྱིངས་ཀྱིས་ཀུན་ལ་ཁྱབ་པར་སྟོན། །ཁྲོ་བོ་བཞི་དང་བརྒྱད་དང་བཅུ་ལ་སོགས། །སྟོན་པ་མཆོད་ཕྱིར་ཁྲོ་བོ་མང་པོ་བསྟན། །ངང་ཁྲོ་ ཀུན་ཁྱབ་ཤུགས་ཁྲོ་རང་རང་འདུལ་བ་ཡི། །བྱེ་བྲག་སོ་སོར་རབ་ཏུ་ཤེས་བྱ་ལ། །མཚན་མ་དྲག་པོ་ཞི་བ་དབང་དང་རྒྱས། །གོ་རིམས་ལྡོག་སྟེ་རབ་ཏུ་བཤད་པར་བྱ། །ལྟེ་བར་ བཅས་པའི་རྩིབས་ཅན་ལ། །འཁོར་བ་གཅོད་བྱེད་རྩེ་མོ་ཅན། །གྲུ་གསུམ་ཨེ་ཡི་ཕོ་བྲང་ལ། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །མྱུ་ཁྱུད་དད་ཅན་རྒྱས་པ་ཕྱི། །རྣམ་བཞིར་ ལྡན་པའི་འཁོར་ལོ་ལ། །རབ་ཏུ་མཛེས་པའི་ཐིག་གདབ་བོ། །དབུས་སུ་མ་ཧེའི་ཞིང་གདན་ལ། །རྩེ་དབུས་ཞིང་བརྐྱང་རེ་རེའོ། །རུས་པ་ཚོགས་ཀྱི་རྦ་རླབས་བྲག་ཏུ་སྡུངས། །རཀྟ་ ཁྲག་གི་རྦ་ཀློང་མཚོ་ལྟ་བུ། །གནམ་ལྕགས་དུར་མོ་རབ་ཏུ་ཏ་ལ་ལ། །དུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤམ་མོ། །དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྐུ་ནི་ནག་པོ་དུག་ འདྲ་ལ༑ ༑དབུ་གསུམ་དཀར་དམར་མཐིང་བ་སྟེ། །རལ་པ་ཁམ་ནག་སྲིད་རྩེར་འབར། །རྩེ་ལ་མེ་འབར་རྐེད་ནས་ཞག་ཀྱང་འཛག་རྩ་བ་ཆུ་སྟེ་སྡང་མིག་རབ་ཏུ་བསྒྲད། །ཕྱག་ དྲུག་ཕྱག་མཚན་བསྣམས་པའི་ཐོར་ཚུགས་ནི། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །དུང་ཆེན་མདུང་ཐུང་གསལ་ཤིང་གཡོན་།ཞབས་བཞི་ཐུར་དུ་བསྟན་པ་ནི། ། [89A]༄༅། །བརྐྱང་བསྐུམ་ཚུལ་གྱིས་འགྲོ་བ་དབང་དུ་སྡུད། །སྐུ་སྟོད་གླང་ཆེན་ཀོ་བ་ཞིང་ཕྲག་ལ། །སྐུ་སྨད་སྟག་སྟེ་ཤམ་ཐབས་ཚམ་ངམ་ཅན། །ཨེ་ཡི་ཕོ་བྲང་ དབུས་སུ་འོ། །ཡུམ་ཡང་ཡབ་དང་སྐུ་མཐུན་ཏེ། །ཕོ་བྲང་དབུས་སུ་གཡོན་དུ་འོ། །ཞལ་གཅིག་ཕྱག་གཉིས་མཆེ་བ་ཅན། །ཁྲམ་བམ་བྷནྡྷ་བསྣམས་པའོ། །རྩེ་ལ་ཁྲོ་བོ་ ཡབ་ཡུམ་བཅུ། །རབ་ཏུ་ཁྲོས་པའི་སྡང་མིག་ཅན། །གོ་རིམས་བཞིན་དུ་དགོད་པར་བྱ། །ཟླ་གམ་དུར་ཁྲོད་མ་མོ་སྟེ། །སྒོ་ལ་དེ་བཞིན་སྲུང་བའོ། །དེ་ལ་རིམ་པས་མགུ་བར་ བྱ༑ ༑ཞེས་བརྗོད་དེ་འདི་སྐུ་གསུང་ཐུགས་ལས་ཕྱུང་ངོ། །ཨོཾ་ཨ་ཀྲོ་མཉྫུ་ཤྲཱི་མུཾ། ཧཱུཾ་བཛྲ་ཀྲོ་དྷ་བྷིད་ནན་ཧཱུཾ། ཨོཾ་བཛྲ་བེ་ཏ་ལི་རཀྵ་མཾ། ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ། ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ། ཨོཾ་རུ་རུ་དུ་ན། ཨོཾ་ཛ་ཛ་ཡ་བ། ཨོཾ་ཡོ་ཤུག་བྷྱོ་བྷྱོ་བྷྱོ། །ཛཿ་ཧཱུཾ་བཾ་ཧོཿ། ཞེས་བརྗོད་པས་ཕྱོགས་བཅུ་ཐམས་ཅད་འཁྲུགས་ཏེ་གཡོས་སོ། །འགུལ་ཏོ། །ལྡེག་གོ། ཆེམ་མོ་།འུང་ ཏེ་གཡོ་འགུལ་དུ་གྱུར་ཏེ་འཁྲུགས་པར་གྱུར་ཏོ། །དེ་ནས་ཡུམ་གྱིས་ཏིང་ངེ་འཛིན་ལ་བཞུགས་པར་གསོལ་བ་གདབ་སྟེ་གསོལ་བར་ཞུས་པ་ཨེ་མའོ་རབ་ཏུ་བློ་ལྡན་ ཁྱོད༑ ༑འཇིག་རྟེན་འཁྲུག་པར་མཛད་པའོ། །དབང་མེད་ལས་ཀྱིས་མནར་བ་ལ། །བདེར་གཤེགས་གསུང་དུ་གསུངས་པ་སྟེ། །རབ་ཏུ་བདེ་བར་མཛད་དུ་གསོལ། །ཞེས་ [89B] བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་མཆོག་གི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །ཨོཾ་བཛྲཱ་ན་ལ་ཀ་ལ་ཧཱུཾ་བཛྲ་ག་ཏ་པྲ་བེ་ཤ་ ཧོ༑ ༑ཞེས་གསུངས་པས། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་འཇམ་པར་གྱུར་ཏོ། །གྱུར་པས་སེམས་ཅན་ཐམས་ཅད་སླར་སྔོན་ཁོ་ན་བཞིན་དུ་གྱུར་ཏེ་བཅོམ་ལྡན་ འདས་གཤིན་རྗེ་གཤེད་ཆེན་པོ་ལ་སྐྱབས་སུ་དོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱས་མཉེས་པར་བྱ་བ་འདི་གསུངས་སོ། །རྩེ་གཅིག་ མཉམ་པར་བཞག་བྱ་སྟེ། །སྒེག་མོ་གཡོན་དུ་གནས་པར་བྱ། །བསྐུལ་བའི་ཏིང་འཛིན་བརླན་པ་ལ། །བསྐྱོད་པ་བྱང་ཆུབ་ལམ་དུ་དྲངས་།གནས་ཉིད་བདེར་གཤེགས་ སྐྱེད་པའི་རྐྱེན། །རྩེ་མོ་ཨོཾ་ལ་ཕཊ་དུ་བསྟན། །ཞེས་གསུངས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རོལ་མོས་མཉེས་པར་གྱུར་ཏོ། །འཕགས་པ་ལས་ བཞི་འཁོར་ལོ་གསང་བའི་རྒྱུད་ལས། གླེང་གཞི་རྩ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཞི་བར་བྱ་བ་འདི་ཆེད་དུ་བརྗོད་དོ། །རབ་ཏུ་ དཀར་བའི་ཡུལ་དག་ལ། །མགུ་བའི་སེམས་དང་ལྡན་བྱས་ཏེ། །དང་བས་མགུ་བའི་ལས་བྱས་ཞེས། །བླ་མེད་རྒྱལ་བས་རབ་ཏུ་བཤད། །ས་གཞི་དཀར་བ་རབ་མཉམ་ [90A]༄༅། །ལ༑ ༑གྲུ་བཞིར་ལྡན་པའི་དཀྱིལ་འཁོར་ལ། །ལྟེ་བར་བཅས་ཤིང་རྩིབས་བརྒྱད་པ། །མཁས་པས་བསྒྲིམས་ཏེ་བྲི་བར་བྱ། །དཀར་དང་ལྡན་པའི་ཟླ་བ་ ལ༑ ༑གཅིག་ནས་གསུམ་ནས་མགོ་བཙུགས་ལ། །ཁམས་གསུམ་རབ་ཏུ་མགུ་བྱའི་ཕྱིར། །ཉམས་སུ་ལོན་པར་བྱས་ལ་བསྒྲུབས། །དབུས་སུ་ཡེ་ཤེས་བདག་པོ་ལ། །ཤར་ དུ་ནག་འཇོམས་ཆེན་པོ་སྟེ། །ལྷོ་རུ་ཡ་བ་ཏི་ཞེས་བྱ། །ནུབ་ཏུ་ཁྲོ་བོ་དམིགས་པ་ལ། །བྱང་དུ་བདུད་འཇོམས་དགོད་པར་བྱ། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང། །བྱང་ཤར་ མཚམས་སུ་དགོད་པ་ནི། །གླང་མགོ་ཁྲོ་ཚེ་གཅོད་སྦྱོང་རྗེ། །ལས་གྲུབ་བརྒྱད་དེ་གོ་རིམས་བཞིན། །སྟེང་འོག་དམར་པོ་བྲག་དགོན་བསྒྲོམས་ཏེ་དགོད། །ཟླ་གམ་ལམ་མོས་ གསུམ་རྣམས་སོ། །སྒོ་སྒོར་སྒོ་སྲུང་མ་རྣམས་བྲི། །དེ་ཡི་ཡུམ་དང་བཅས་པ་རྣམས། །ཁྲོ་བོ་ཉིད་དང་སྐུ་མཐུན་པའོ། །སེམས་དཔའི་འདུག་སྟངས་གནས་བྱས་ལ། །སྒེག་ མོ་གཡོན་དུ་བསྟེན་བྱས་ལ། །སྔགས་གཡོག་མཛེས་པར་ཚོགས་བྱས་ལ་།མགུ་བའི་འཕྲིན་ལས་བརྩམ་པར་བྱ། །སྐེ་ཚེ་ཐལ་བ་རུས་པ་ལ་།ཛམྦྷ་ལ་ཡི་གཟུགས་ལྟ་ བུར༑ ༑བྱས་ལ་སྙིང་གར་བྲི་བ་ནི། །ཨ་མ་པ་ལ་སི་ཏིའམ། །གང་འདོད་པ་ཡི་ཡི་གེ་དེ། །ཕཊ་དང་སཱཧཱས་དམ་ལྟར་བྱ། །མིང་བྱང་གོང་ལྟར་བྲི་བྱས་ལ། །གང་ལྟར་འཚམ་ [90B]དེ་ལ་འདི་ཡང་རབ་ཏུ་བརྗོད། །ཨོཾ་ཨ་ཀྲོ་བཛྲ་ཤིནྟཾ་ན་ག་བཛྲ་སཱཧཱ། ཨོཾ་ཨ་ཀྲོ་ཏེ་ཀ་ཤིནྟཾ་བ་ལ་བུཾ། ཞེས་བརྗོད་ལ་སྙིང་གར་བརྒྱབ་ན། ཐམས་ཅད་མགུ་ ནས་དང་བའི་སེམས་ཀྱིས་ཞི་བར་འགྱུར་རོ། །དེ་ནས་ཞི་བའི་ལས་བྱས་ཟིན་ནས་ཕྱོགས་བཅུའི་གདུག་བ་ཞི་བར་བྱ་སྟེ། བདག་ལ་མི་དགའ་བ་མེད་ན་ལས་འགྲུབ་པ་ཡིན་ནོ། ། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཐམས་ཅད་ཞི་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྒྱས་པར་བྱ་བ་འདི་ ཆེད་དུ་བརྗོད་དོ། །གསེར་ལས་གྲུབ་པའི་ཡུལ་དག་ལའང། །དཔལ་རྒྱས་སེམས་དང་ལྡན་བྱས་ཏེ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །དཀྱིལ་འཁོར་དམ་པ་བཤད་པར་ བྱ༑ ༑དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །བ་ཡི་ཆག་ཆག་བཏབ་བྱས་ཏེ། །རྣལ་འབྱོར་དམ་པ་བློ་ལྡན་པས། །ཐིག་ནི་གདབ་པ་རབ་ཏུ་བརྩམ། །གསེར་ལས་གྲུབ་པའི་ཐིག་ སྐུད་ལ༑ ༑དཔལ་ལྡན་འཕེལ་བའི་སེམས་དང་བཅས། །སློབ་མ་དམ་པ་ལས་གྲུབ་པར། །བསམས་ལ་ཐིག་ནི་གདབ་པར་བྱ། །ཕོ་བྲང་གསེར་ལ་རྩེ་མོ་གཡུ། །རྡོ་རྗེ་རྩིག་པ་ གསེར་ལས་གྲུབ། །གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །ཐིག་བཞི་རེའུ་ཆ་བརྒྱད་དུ་འགྱུར་།མཐའ་ནས་ཐིག་གདབ་མན་ངག་ཅན། ། [91A]༄༅། །དེ་ལ་སོགས་པ་བསམ་པར་བྱ། །རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ། །དབུས་སུ་གསང་སྔགས་བདག་པོས་ཏེ། །ཕྱོགས་ཕྱོགས་སྒོ་བ་དམ་པ་ རྣམས། །སྔ་མ་བཞིན་དུ་བསྒོམས་ནས་ཀྱང། །རང་སྔགས་སྐྱེས་བུ་དེ་བསྐྱེད་དོ། །ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་པ་ལ་ན་ཧཱུཾ། ཨོཾ་ཨ་ཀྲོ་པུཥྚིཾ་ཏི་བ་ཏ་ན་སྟྭཾ། ཞེས་བརྗོད་པས་བདག་པོ་ ཡབ་ཡུམ་ལ། །འཁོར་རྣམས་འབྲུ་རེར་བ་ལས་སམ། །རང་རང་བསྐྱེད་པ་དམ་པ་སྟེ། །སྔགས་དང་ལྡན་པར་ཏིང་འཛིན་གསལ། །བཞུགས་དང་བརྟེན་དང་མཆོད་པ་དང། ། ཕྱག་བྱེད་པ་ལ་སོགས་པ་ཡི། །ལས་ཀྱི་བྱ་བ་མ་ལུས་པར། །ཐམས་ཅད་མ་ལུས་ཚང་བར་བྱ། །སྐྱེད་དང་གྲུབ་པའི་འབྲས་བུ་ནི་།རྒྱལ་བ་བསྙེན་ཏེ་ཐག་མི་རིང། །རང་གྲུབ་ འབྲས་བུ་དེ་ལ་སོགས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །དངོས་གྲུབ་དམ་པ་རབ་སྟེར་ཞེས། །འདྲེན་པ་དཔའ་བོས་ཡང་དག་བཤད། །དེ་ནས་གཞན་ཡང་རབ་བཤད་ པ༑ ༑དཀྱིལ་འཁོར་སྔ་མ་བཞིན་བྱས་ནས། །ས་ཞག་གསེར་ལས་གྲུབ་པ་ལ། །གཟུགས་ནི་དམ་པ་རབ་ཏུ་བྱ། །ཕྱི་གན་གན་རྐྱལ་མནན་བྱས་ལ། །ནང་ཧཱུཾ་པུཥྚིཾ་ཨ་པུ་ཙེ་སཱཧཱ་ སྙིང་གར་བྲིས་ནས་བརྗོད་བྱ་བ། །སྙིང་པོ་སྔགས་ཀྱི་དམ་པ་སྟེ། །བླ་མེད་དམ་པས་རབ་ཏུ་བཤད། །ཨོཾ་བཛྲ་པུཥྚིཾ་ཨཱ་ཡུ་པ་ཤཾ་ཤྲི་པུཥྚིཾ་སཱཧཱ་ཞེས་བརྗོད་ན་ཐམས་ཅད་རྒྱས་ [91B] །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཐམས་ཅད་རྒྱས་བར་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བདག་ཉིད་ དབང་གིས་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཟངས་ལས་འབྲེལ་པའི་ཡུལ་དག་ལ། །རང་དབང་མེད་དེ་དབང་བསྡུས་ནས། །འདུ་བའི་ སེམས་དང་ལྡན་བྱས་ཏེ། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །ཟངས་སམ་དམར་པོའི་ས་དག་ལ། །དཀྱིལ་འཁོར་སྔ་མ་དག་དང་འདྲ་།ལེགས་པར་ཁོད་སྙོམས་ཟིན་པ་ དང། །ཐིག་ནི་རབ་ཏུ་གདབ་པར་བྱ། །ལྟེ་བ་ཅན་ལ་རྩིབས་བརྒྱད་པ། །ཀུན་ཏུ་ཟླུམ་པས་རྒྱས་པ་མཐའ། །ལྟེ་དབུས་གཞུ་རྡུངས་བྲིས་བྱས་ལ། །དེ་སྟེང་བདག་པོ་དམ་པ་གཞག་ ཐམས་ཅད་མ་ལུས་མཆོག་ཏུ་འགུགས། །ས་པ་ལ་ཡང་ཐོགས་པ་མེད་།ཞེས་ནི་ཡང་དག་བླ་མེད་ངེས། །བཤད་པར་བྱ་སྟེ་རབ་ཏུ་བསྟེན་།གཞན་ཡང་རབ་ཏུ་བཤད་བྱ་བ། ། སེམས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །བླ་མེད་ཡང་དག་ངེས་པའི་ལམ་།སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། །གཞུང་ལས་འབྱུང་བའི་ཚིག་དོན་རྣམས། །མ་ནོར་གསུང་ པའི་བཀའ་བཞིན་དུ། །བསྒྲུབས་ན་འགྲུབ་པར་བཤད་པའོ། །དེ་དག་འགུགས་པར་གྱུར་པ་ན། །ཕལ་པ་གཞན་ལྟ་སྨོས་ཅི་དགོས། །བསྡུ་དང་འདེ་[?]པ་བྱང་ཆུབ་ལམ། །འདི་ [92A]༄༅། །དག་གོ་འཕང་ཐོབ་བྱའི་ཕྱིར། །ཡུངས་ཀར་རྐང་རྗེས་ས་འམ་གཞན། །ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། །ག་འུའི་ནང་དུ་བླུགས་བྱས་ལ། །ག་འུ་ གཉིས་ནི་ཁ་སྦྱར་ཏེ། །སྐུད་པ་དམར་པོ་ཟངས་ལ་སོགས། །བཅིང་བ་བསྡམས་ཏེ་དཀྲིས་བྱས་ལ། །དཀྱིལ་འཁོར་གྱི་ནི་ཐོག་ཏུ་གཞག་ཡུངས་ཀར་ཟངས་གཉིས་བསྲེག་ བྱས་ཏེ། །དུད་པས་ག་བུ་དེ་ལ་བདུག་དེ་ལ་བདུགས་པར་གྱུར་པ་དང་།བཟླས་པའི་སྙིང་པོ་བརྗོད་བྱ་ཞིང། །ལན་གྲངས་ཁྲི་ཚད་དུ་མ་རུ། །བརྗོད་ན་སངས་རྒྱས་ལ་ སོགས་རྣམས། །འགུགས་པར་འགྱུར་ན་ཕལ་པ་གཞན། །སྨོས་ཅི་དགོས་ཏེ་ངེས་པར་འགུགས། །ཨོཾ་བཛྲ་ཨ་ཀྲོ་མཉྫུ་ཤྲཱི་པ་ཤཾ་མ་ཧཱ་སརྦ་ཏི་ལ་བྲུཾ། ལན་གྲངས་མང་དུ་ བརྗོད་བྱས་ན། །ཇི་ལྟར་བསམ་པ་ཐམས་ཅད་འགུགས། །རྒྱ་ཤུག་བསྐུས་པའི་ཁུ་བ་དང། །མ་ཡི་ལག་པའི་ཁུ་བ་གཉིས། །སྔ་མ་བཞིན་དུ་བཀུག་བྱས་ན། །འགུགས་པར་ འགྱུར་ཞེས་དཔའ་བོས་བཤད། །ཡང་ན་རང་གི་ལག་པའང་རུང་།ཞེས་གསུངས་པས་ཐམས་ཅད་མ་ལུས་པར་འདུས་ཏེ། དཔེར་ན། ཕྱོགས་ཐམས་ཅད་ནས་མཚོ་ལ་སྦྲང་ མ་འདུ་བ་བཞིན་དུ་འདུས་ཏེ་བདག་གི་དབང་དུ་བྱ་བ་དེ་དབང་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེས་གསུངས་སོ་།འཕགས་པ་ལས་བཞི་ [92B] དབང་གི་ལེའུ་སྟེ་བཞི་པའོ།།།།དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་གཤིན་རྗེའི་ཚོགས་འདུ་མཛད་དེ་རང་བཞིན་གྱི་མཐུ་ཅན་ འདི་གསུངས་སོ། །འབྱུང་བྱེད་ཡེ་ཤེས་དཀྱིལ་འཁོར་ནི། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །ཡུམ་ཡང་དེ་བཞིན་དེ་ཡི་འོ། །ཡབ་ཡུམ་གཉིས་མེད་ བྱིན་བརླབས་ལས། །ཐིག་སྐུད་བརྒྱུས་པ་ལྕགས་ལས་བྱས། །དེ་ནི་ལས་ཀྱི་ཐིག་ཅེས་བྱ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། ། ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ཅན། །གྲུ་ཆང་ལྡན་ཏེ་དུར་ཁྲོད་རྒྱན། །མཛེས་པར་བྲིས་ཏེ་གཞན་ན་མིན། །སྟེན་པའི་ལྷ་སྟེ་སྔ་མ་བཞིན། །བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། ། བདག་དང་འདྲ་བར་བསྐྱེད་པར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཨ་ཧཱུཾ་བཛྲ་བེ་ཏ་ལི་རཀྵ་མཾ། བྷྱོ་བྷྱོ་བྷྱོ། ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ། ཛཧཱུཾ་བཾ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་ཞེས་བརྗོད་པ་ཙམ་གྱིས་ འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་གཡོས་སོ། །རབ་ཏུ་གཡོས་སོ་།ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག་ལྡེག་ རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་གོ་ཆེམ་ཆེམ། རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །དབུས་མཐོ་ན་མཐའ་ [93A]༄༅། །དམའ༑ མཐའ་མཐོ་ན་དབུས་དམའ་སྟེ། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་ཉིད་ དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རབ་ཏུ་གསུང་གི་གསང་སྔགས་གསུངས་པས་བདག་ཅག་སྤྲོ་ལགས་སོ། །འཇིག་རྟེན་དུ་འདི་ལྟ་བུར་མཐུ་ཅན་ལ་བདག་ ཞུ་ལགས་སོ། །བཅོམ་ལྡན་འདས། རང་བཞིན་གྱིས་ཁྲོ་བར་མཛད་པ་དེ་ལ་བདག་མངོན་དུ་སེམས་ཅན་ཐམས་ཅད་རབ་ཏུ་ཡང་ཞུ་བར་འཚལ་ལགས་སོ། །བཅོམ་ལྡན་འདས་ ཁྲོ་བོ་ཆེན་པོར་འདུ་མཛད་པ་དེས་འདི་སྐད་ཅེས་གསུངས་སོ། །ཨོཾ་ཤྲཱི་པ་ར་ཡཀྵ་གུ་ཡ། སརྦ་ཏ་ཀྲི་བཛྲ་ཀ་ལ་རཱུ་པ་མ་ར་ན་ཕཊ་ཅེས་གསུངས་པས། འཇིག་རྟེན་ན་དབང་ཆེ་བ་ དང། མཐུ་ཆེ་བ་ལ་སོགས་པ་ཐམས་ཅད་བཏུལ་ནས་འདི་སྐད་ཅེས་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང། །གསུང་དུ་མེད་པའི་ཆོས་ཉིད་ལ། །རང་སེམས་ འཕྲོ་འདུར་གྱུར་པ་ལས། །ཕྱོགས་བཅུར་གསུངས་པ་དེ་དག་ཡིན། །དེ་བས་ནན་ཏན་བསྐྱེད་བྱས་ཏེ། །དྲག་པོའི་ཚམ་ངམ་བཤད་པར་བྱ་།འཇིག་རྟེན་བཅུད་ཀྱི་གདུག་པ་ ཀུན༑ ༑ཚམ་ངམ་གློག་ལྟར་འགྱུར་བ་ལས། །ངོ་མཚར་ཡ་མཚན་བསྒྲག་པར་བྱ། །ཨེ་མའོ་ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །ཕྱོགས་བཅུར་འཕྲོ་བ་ [93B] །རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི་།རྟག་པར་བསྒོམས་ཏེ་དེ་བཞིན་གཤེགས་པར་བྱ། །རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི། །གཟུགས་དང་ འདོད་པའི་འབྲས་བུ་གང་འདོད་གྲུབ་པར་རོ། །མི་དགེ་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་དེར་བྱས་ཏེ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང། །ག་འུ་པདྨ་དམ་པ་དང། །ཁམ་ པ་རྫ་ཡི་འཇི་བ་ཡི། །ཁྲག་སྣ་གསུམ་དང་གི་ཝང་ངོ། །དེ་དག་འཕྲིན་ལས་མཆོག་ཡིན་ཏེ། །གྲུབ་པར་འགྱུར་བ་གདོན་མི་ཟ། །བླ་མེད་དཔའ་བོས་ཡང་དག་གསུངས། །ཕྱོགས་ བཅུའི་གདུག་བ་མ་ལུས་ཀུན། །འདུལ་བར་འགྱུར་ཏེ་ཐེ་ཚོམ་མེད་།འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། དྲག་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དང་ལ་ལོངས་སྤྱོད་པར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །རང་བཞིན་འཕགས་པ་ཀུན་ཏུ་ ཤེས་རབ་སྟེ། །དེ་བཞིན་རྣམ་པར་མི་རྟོག་ཡིན་པས་ན། །འདི་གཉིས་ཆོས་ཀྱི་སྐུ་ཞེས་རབ་ཏུ་བཤད། །ཆོས་ཀྱི་ལོངས་སྤྱོད་འདུལ་བའི་དོན་ལ་རྒྱས། །འགྲོ་བའི་དོན་རྫོགས་མ་ ལུས་སྐུར་འབྱུང་དང། །བདུད་དང་མུ་སྟེགས་སྲིན་པོ་གདུལ་བའི་ཕྱིར། །མཚན་དང་དཔེ་བྱད་གཟུགས་སུ་སྤྲུལ་ནས་ནི། །མ་ལུས་ཚར་གཅོད་དོན་དུ་འདི་གསུངས་སོ། །འཁོར་ [94A]༄༅། །ལོ་རྩིབས་བརྒྱད་མུ་ཁྱུད་ཟླུམ་པོར་བཅས། །སྦྲུལ་གྱི་རྒྱ་གྲམ་དག་གིས་མཐའ་བསྐོར་ལ། །ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །དེ་ཡི་སྟེང་དུ་ཀ་པཱ་ལ་ གཉིས་ལ། །གཅིག་ལ་གཤིན་རྗེ་དབུ་དྲུག་པ་ཡི་གཟུགས། །གཅིག་ལ་ཡུམ་ཆེན་ཁྲོ་གཉེར་གཟུགས་བྲིས་ལ། །ནང་དུ་དགྲ་བོ་རྐང་རྫས་ས་དང་ནི། །དྲི་དང་དེ་བཞིན་ ཁྲག་སྣ་གསུམ། །ཐལ་ཆེན་རྒྱ་ཤུག་བསྐུས་པའི་ཁུ་བ་དང་།བརྫིས་ལ་དགྲ་བོའི་གཟུགས་བྱས་ལ། །བཅུག་ལ་སྐུད་པ་དཀར་པོས་བཅིང། །དཀྱིལ་འཁོར་ཐོག་ཏུ་ གཞག་པར་བྱ། །ཨོཾ་ཡ་མཱནྟ་ཀ་ཧྲཱི་ཥྚིཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་བཛྲ་ཀྲོ་ཏ་ཕཊ་ཕཊ་ཨ། ཞེས་བརྗོད་པ་ཙམ་གྱིས་ནི་ཡབ་ཡུམ་སྐུ་མདོག་མཐིང་ནག་ལ། །དབུ་སྐྲ་ཁམ་ནག་ རལ་པ་གྱེན་དུ་བརྫེས། །དབུ་ལ་ཐོད་པ་རློན་པས་བརྒྱན། །སྐུ་ལ་སྦྲུལ་ནག་ཆུན་པོ་དང། །ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས་།ཕྱག་དྲུག་ཕྱག་མཚན་བསྣམས་ པ་ནི༑ ༑གཡས་ཀྱི་དང་པོ་སྡིགས་མཛུབ་ལ། །རྒྱུ་ཞགས་ལྕགས་ཀྱུ་བར་ཐ་མ། །དུང་ཆེན་ཏྲི་ཤཱུ་ལ་གསལ་ཤིང་གཡོན། །དེ་ལྟར་ཆ་ལུགས་གསལ་བ་དང། །དབྱངས་ འདི་བླང་བར་ནན་ཏན་བྱ། །ཧཱུཾ༑ རྡམ་པའི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད། །ཁམས་གསུམ་དབང་སྡུད་རྟགས་སུ་ཞལ་གསུམ་པོ་།དབྱིངས་ནས་སྤྲུལ་པའི་ [94B] །ལས་ངན་འཁྲུལ་པའི་སེམས་ཅན་གདུལ་དཀའ་བ། །གདུག་པ་དེ་དག་འདུལ་ཕྱིར་གཤེགས་སུ་གསོལ། །དམ་ཚིག་གི་ཕྱག་རྒྱ་བཅས་ལ་ ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟཾ། ཞེས་པ་ལན་གྲངས་མང་དུ་བརྗོད། །དེས་ནི་བརྟན་པར་བཞུགས་པར་འགྱུར། །ཁྲག་ཆེན་རྒོད་ཁྲག་ཤ་དང་ཚིལ། །ཆེན་པོ་ལ་སོགས་གཏོར་མ་ བཤམ། །དེ་ནི་དཀྱིལ་འཁོར་ཐོག་དག་ཏུ། །བདག་ཉིད་ཏིང་འཛིན་གསལ་བ་ལས། །སྔགས་འདི་འབུམ་ཕྲག་གཅིག་ཏུ་བཟླས། །ཨོཾ་བཛྲ་ཧ་སྟ་བ་བ་ཧེ་ཧ་དཱ་ན་ཧྲཱི་ཥྚིཾ་ཆེ་གེ་མོ་མཱ་ ར་ཡ་ཧུཾ་ཧུཾ་ཕཊ་ཕཊ། ཆེ་གེ་མོ་ཧ་སྟ་བ་པྲི་ཏྲི་ནི་རྟེ་ས་ཧཱུཾ་ཧཱུཾ་ཕཊ་ཕཊ། ཉིན་ཞག་གཅིག་ལ་ལན་འབུམ་བཟླས། །ཉིན་ཞག་གསུམ་གྱི་བར་དུ་བཟླས། །དེ་དག་བཟླས་པ་རྫོགས་པ་དང། ། གཏོར་མའི་ལས་དག་བརྩམ་བྱ་སྟེ། །བསྐྱེད་དང་བསྐུལ་དང་རྫོགས་པ་དང། །ཕྱོགས་བཅུའི་ཁྲོ་བོ་སྤྱན་དྲངས་ཏེ། །བཞུགས་དང་བརྟན་དང་མི་གཡོ་སོགས། །མ་ལུས་རྫོགས་ པའི་འཕྲིན་ལས་བྱ། །དེ་ལྟར་འཕྲིན་ལས་རྫོགས་པ་དང། །ཡང་ནས་ཡང་དུ་བསྟབ་པ་བྱ། །དེ་ལྟར་བསྟབ་པ་བྱས་པ་ན། །དགྲ་བགེགས་དབང་འགྱུར་སྨོས་ཅི་དགོས། །དེ་ནས་ ཡང་འདི་ཆེད་དུ་བརྗོད་དེ་གསུངས་སོ། །ཨོཾ། ང་ནི་ཕྱོགས་བཅུ་དུས་གསུམ་གྱི། །བདེར་གཤེགས་ཐུགས་ཀྱི་སྲས་ཡིན་པར། །བདུད་དང་སྲིན་པོ་ལོག་འདྲེན་རྣམས། །མ་ [95A]༄༅། །ལུས་ཚར་གཅོད་བྱིན་བརླབས་ཏེ། །མགོན་པོ་གཤིན་རྗེ་ཉིད་ཀྱི་སྲས། །དོན་རྣམས་ཐམས་ཅད་མ་ལུས་པ། །དེ་ཉིད་དུ་ནི་བསྒྲུབ་པར་བྱ། །དགྲ་རྣམས་ ཐམས་ཅད་གདུལ་བའི་ཕྱིར། །འཕྲིན་ལས་རྡོ་རྗེ་ཅན་གྱིས་མཛོད་།ཅེས་བརྗོད་ཅིང་སྔགས་ཀྱིས་བརྡེག་པ་ནི། འཕྲིན་ལས་མཆོག་གི་རྒྱལ་པོ་ཞེས་གསུངས་སོ། །དུས་དང་ དུས་དང་ཞག་གྲངས་ནི། །ཉི་མ་གཅིག་ལ་སྟོང་རྩ་གཅིག་ནམ་གྱི་གུང་ལ་བརྒྱ་རྩ་གཅིག་ཐོ་རངས་ཐུན་གཅིག་བརྒྱ་རྩ་གཅིག་།སྲོད་ཀྱི་གུང་ལ་བརྒྱ་རྩ་གཅིག་དེ་ལྟར་ ཉིན་ཞག་གསུམ་བར་དུ། །བཟླས་པ་ཞག་གྲངས་ཚད་བྱ་ཞིང་།ཕྱག་རྒྱ་བཅའ་ཞིང་གཟུགས་ལ་བརྡེག་ཉ་ལ་བྱས་ན་གདོན་མི་ཟ་།ཨོཾ་མཱ་ར་ན་ཁ་ད་སརྦ་ཧྲཱི་ཥྚིཾ་ཡ་མའན། ཧུཾ་ ཧུཾ་ཏྲེ་ཁ་ད་པ་ར་ན་པ་ལ་ཧུཾ་ཧུཾ་ཕཊ་ཕཊ་སཱཧཱ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ་དགྲ་བོའི་གཟུགས་ལ་བརྡེག་གོ་།ཨོཾ་བཛྲ་ཧུཾ་ཁཾ་སྥ་ར་ན་ཕཊ། ཧུཾ་ཨཱ་བེ་ཤ་ཨ། ཧུཾ་ཧུཾ་ ཕཊ་ཕཊ་ཨ། ཡང་ཕྱག་རྒྱ་གོང་མ་བཅས་ལ། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་ཏནྟྲ་ཧུཾ་ཧུཾ། ཧྲཱི་ཥྚིཾ་བི་ཀྲི་ཏན་ན། ཞེས་བརྗོད་ལ་བདག་གི་ལག་པས་དབང་བསྐུར་རོ། །ཡང་ཕྱག་རྒྱ་བཅས་ལ་ སྔགས་འདི་ལ་ཡང་ལན་གྲངས་མང་དུ་བྱའོ། །ཨོཾ་བཛྲ་ཧྲཱི་ཙནྡ་ཀྲིའི་ཥྚིཾ་བཛྲ་སྟི་ར་བཾ་ཁ་ཧི་ཧུཾ་ཧུཾ་ཆེ་གེ་མོ་དབང་དུ་སྡུས་ཤིག་ཧྲིལ་ཧྲིལ་ཞེས་ལན་གྲངས་མང་དུ་བརྗོད་དོ་།རྡོ་རྗེ་རྒྱ་གྲམ་ [95B]ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ་ཨོཾ་བཛྲ་ཀངྐ་མ་ཀ་ལ་ཡན་ཧཱུཾ་ཕཊ་ཕཊ་ཨ་ཞེས་འབུམ་བཟླས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་བརྡེག་གོ་ ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ་ཨོཾ་བཛྲ་ཨ་གུ་ཤ་ཏྲེ་ཐ་སྟི་ར་པཾ་ཧུཾ་ཧུཾ་ཕཊ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཛ་ཧཱུཾ་ཞེས་དབང་དུ་བསྡུས་ཤིང། ཧུཾ་ཧུཾ་ཕཊ་ཕཊ་ཞེས་ལན་གྲངས་ མང་དུ་བརྗོད་དོ། །རྡོ་རྗེ་གདེངས་པའི་ཕྱག་རྒྱ་བཅས་ལ་དབང་དུ་སྡུད་དོ། །ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ་ཨོཾ་ཧུཾ་ཧུཾ་ཕཊ་ཕཊ་འདུས་འདུས་རང་རང་ཡཾ་ཡཾ་རཾ་རཾ་ ཧྲིང་ཧྲིང་དུ་བ་བྷྱོ་ཧཱུཾ་ཕཊ་ཆེ་གེ་མོ་དུ་མ་བྷྱོ་ཞེས་བཟླས་ལ། ཁ་ཊཱཾ་གའི་ཕྱག་རྒྱས་བརྡེག་གོ་དེ་ལྟར་ལས་དེ་དག་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ལ་བཟླས་པ་ བྱས་ན༑ ལས་ཅི་བྱས་པ་ཐམས་ཅད་དབང་དུ་འདུ་བར་ངེས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ངན་སྔགས་ དབང་སྡུད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་བཅོམ་ལྡན་འདས་ཀུན་ལ་ཁྱབ་པའི་འཕྲིན་ལས་སྒྲུབ་པ་འདི་སྐུ་དང། གསུང་ དང། ཐུགས་རྡོ་རྗེ་ལས་ཕྱུང་ངོ། །ལྔ་ཕུང་ཡན་ལག་གཞོམ་པ་དང། །དུག་གསུམ་རྩད་ནས་གཅད་པ་དང། །འབྲས་བུ་རྒྱལ་བར་བསྒྲུབ་བྱའི་ཕྱིར། །ནན་ཏུར་འཕྲིན་ལས་ [96A]༄༅། །བཤད་པར་བྱ། །དང་པོའི་ལས་ནི་རྒྱས་དང་གསད། །དགུག་དང་གཏང་དང་བཅིང་དགྲོལ་དང། །སྦྱོར་བའི་གདུག་པ་མ་ལུས་ཀུན་།འཕྲིན་ལས་འདི་ ཡིས་བྱེད་པར་འགྱུར། །དང་པོར་བཙལ་བའི་བཙལ་ཐབས་ནི། །རྣམ་པ་དྲུག་དང་ལྡན་པས་བཙལ། །སྟག་མོ་གདལ་མཆོང་སྟབས་དང་།སེངྒེ་གངས་ལ་འགྱིང་ཚུལ་དང། ། ཁྭ་སྦྱང་གཟན་ལ་རྒྱུག་ཚུལ་དང། །བྱ་རྒོད་གཟན་ལ་འབབ་ཚུལ་དང། །དོམ་ཆེན་རྨི་ལམ་རྨི་ཚུལ་དང། །ཁྭ་སྐེག་ཐང་ཤིང་བསྙེག་ཚུལ་གྱིས། །རོ་ཡི་ཕུང་པོ་བཙལ་བར་བྱ། ། རི་ལ་འདུག་ན་འགྱིང་བས་བཙལ། །སྲིབས་ལ་འདུག་ལ་མཆོད་པས་བཙལ། །གདགས་ལ་འདུག་ན་འདུག་པས་བཙལ། །འོར་ན་འདུག་ན་འབབ་པས་བཙལ། །བྲག་ལ་ འདུག་ན་རྨི་བས་བཙལ། །ནགས་ལ་འདུག་ན་བསྙེག་པས་བཙལ། །རྒྱལ་རིགས་ཡིན་ན་སེངྒེའི་སྟངས། །བྲམ་ཟེ་ཡིན་ན་སྟག་མོའི་སྟངས་།རྗེའུ་རིགས་ཡིན་ན་བྱ་རྒོད་སྟངས། ། དམངས་རིགས་ཡིན་ན་དོམ་གྱིས་བྱ། །མ་ནིང་ཡིན་ན་སྤྲེ་འུས་བྱ་།དོག་ལ་ཡིན་ན་ཁྭ་སྤྱང་སྟངས། །དེ་ལྟར་རོ་ཡི་ཚོལ་སྟངས་ནི་།རྣམ་པ་དྲུག་དང་ལྡན་པས་བཙལ། །བརྟགས་ ནས་འོངས་པར་གྱུར་པ་དང། །གཤིན་རྗེ་རྒྱལ་པོའི་ཚམ་ངམ་བྱ་།ཁྲོ་བོ་བཅུ་ཡི་སྟངས་སྟབས་ཀྱིས། །རོ་ལ་ཀུན་ཏུ་བསྐོར་བྱས་ལ་།དཀྱིལ་འཁོར་ཆེན་པོའི་དབུས་ [96B]དེ་ལྟར་གཞག་པའི་ལས་བྱས་ནས། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་པ་ལྷོ་ཡི་ཕྱོགས། །ལག་པ་ གཡོན་པ་ནུབ་ཀྱི་ཕྱོགས། །རྐང་པ་གཡས་པ་ཤར་གྱི་ཕྱོགས་།རྐང་པ་གཡོན་པ་བྱང་གི་ཕྱོགས། །དེ་ལྟར་གན་རྐྱལ་བཞག་བྱས་ལ། །ད་ནི་ཕུར་བ་དགོད་བྱ་སྟེ། །མིག་དང་རྣ་བ་སྣ་ དང་ལྕེ༑ ༑ལག་གཉིས་རྐང་གཉིས་ཕོ་མཚན་དང། །ལྐོག་མ་དེ་བཞིན་སྙིང་ག་དང། །ལྟེ་བ་པུས་མོ་དཔུང་པ་གཉིས། །གྲུ་མོ་དེ་བཞིན་ལོང་བུ་གཉིས། །མཚོག་མ་དེ་བཞིན་སྤྱི་བོ་ དང། །དཀུ་དང་དེ་བཞིན་མཆན་ཁུང་གཉིས། །དཔྲལ་བ་རྣམས་སུ་གདབ་བྱས་ལ། །ཕུར་པ་དེ་དག་ལྷ་ཡི་སྐུར། །རབ་ཏུ་བརྟགས་ཏེ་གོམས་པ་དང། །རང་བཞིན་གནས་ནས་ གཤེགས་པ་དང། །ཏིང་ངེ་འཛིན་དུ་བསྒོམས་པ་དང། །གཟུགས་བརྙན་ནང་དུ་བཀོད་པ་གསུམ། །ཚད་པས་གདུངས་པའི་བྱེ་མ་ལ། །མར་ཞུ་དེ་བཞིན་ཐིམ་པ་བཞིན། །གཉིས་སུ་ མེད་པར་ཤེས་བྱ་ལ། །གོང་དུ་བསྟན་པའི་ལྷ་རྣམས་ནི། །རྣམ་ཤེས་བཞི་དང་དབང་པོ་བཞི། །དེ་ལས་གྱུར་པའི་ཡུལ་རྣམས་ནི། །བརྒྱད་པོ་ངང་དུ་ཤེས་པར་བྱ། །སྒོ་མ་ལུས་ལ་ གྲགས་པའོ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྱིར། །སྟེང་འོག་ཁྲོ་བོ་དེ་ལས་གྱུར། །དེ་དག་ཀུན་གྱི་སྐུ་གསུང་ཐུགས། །མ་མོ་གསུམ་གྱི་ང་ཉིད་དེ། །ཡབ་ནི་ཀུན་ལ་ཁྱབ་པ་ལ། ། [97A]༄༅། །ཡུམ་ནི་ཀུན་ལ་སྡུད་པ་སྟེ། །བྱ་བ་བྱེད་པ་བདག་ཉིད་དོ་།ཕུང་པོ་ཀུན་ལ་ཁྱབ་པ་ལ། །མཉེས་པས་ཕུལ་ཕྱིན་ལྷ་ཡི་ཚོགས་།འགྲོ་དྲུག་ཀུན་ལ་མ་ལུས་སྣང། ། དེ་ལྟར་ལས་རྣམས་ཟིན་པ་དང། །ཞག་གྲངས་དུ་བྱ་དམ་ཡང་བཅའ་།དངོས་གྲུབ་ཐོབ་པར་འདོད་པ་ཡི། །རྣལ་འབྱོར་ཆེན་པོའི་ཏིང་འཛིན་གསལ། །དེ་ལྟར་བྱས་ན་མི་ལ་ སོགས༑ ༑ཐམས་ཅད་དབང་དུ་འདུ་བར་གསུངས། །དགྲ་བགེགས་ལ་ལྟ་སྨོས་ཅི་དགོས། །དྲག་པོའི་འཕྲིན་ལས་གྲུབ་འདོད་པས། །དགྲ་བོའི་མིང་བྱང་བྲིས་བྱས་ལ། །བམ་གྱི་ ཁ་ཡི་ནང་དུ་གཞུག་རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ། །ཧེ་རུ་ཀ་ཡི་ཕྱག་རྒྱས་མནན། །ཡུངས་ཀར་རྒྱལ་པོས་དྲག་ཏུ་བརྡེག་རྒྱ་ཤུག་བསྐུས་པས་དྲག་ཏུ་བླུགས། །ཉི་མ་བཞི་ལ་ དྲག་ཏུ་བརྡེག་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །དམ་རྫས་མཆོད་པ་ཤིན་ཏུ་དགྲམ། །རྣལ་འབྱོར་ཏིང་འཛིན་དྲག་ཏུ་བྱ་།ཡེངས་ན་བར་ཆད་འབྱུང་བར་འགྱུར། ། གཡེང་བར་མི་མཛད་ཁྲོ་བོས་གསུངས། །དེས་ནི་ལས་ཀྱི་འབྲས་བུ་ཡང། །ཤིན་ཏུ་ཟད་པ་མེད་པ་སྟེ། །མཁའ་ལ་འཕུར་དང་ས་ལ་འཛུལ། །ཆུ་ལ་བྱིང་མེད་མངོན་ཤེས་ལྡན།། ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བཞི་འཁོར་ལོ་གསང་པའི་རྒྱུད་ལས། རོ་ལངས་ཀྱི་སྒྲུབ་པ་ལ་ངན་སྔགས་ཀྱི་ཕུར་བུས་གདབ་པའི་ལེའུ་སྟེ་བདུན་པའོ།། །། [97B]ལྷུན་གྱིས་གྲུབ་པ་འདི་ཆེད་དུ་བརྗོད་དོ། །ཡེ་ཤེས་འཁྱིལ་བའི་དཀྱིལ་འཁོར་བསྐྱེད་སྟེང་ན། །ཡེ་ཤེས་ཉི་མ་ གསལ་བའི་ཐིག་ཕྲན་གདབ། །མྱུ་ཁྱུད་ཟླུམ་པོ་སྦྲུལ་གྱི་ཞགས་པ་བྲི། །སྟེགས་བུ་ཕྱོགས་མཚམས་ཕུར་བུས་བསྐོར་བར་བྱ། །དེ་ལྟར་བྲིས་པའི་དཀྱིལ་དུ་དགོད་པ་ནི། །ཨོཾ་ནི་ དབུས་ཀྱི་ལྟེ་བ་ལ། །ཤར་དུ་ཧྲི་ལ་ལྷོ་རུ་སྟཾ། །ནུབ་ཕྱོགས་ཧུཾ་ལ་བྱང་དུ་ཧ། །བྱང་ཤར་མཚམས་སུ་ཛ་ཞེས་པ། །ཤར་ལྷོ་ཏྲི་ལ་ལྷོ་ནུབ་མེ། །ནུབ་བྱང་ཨ་ལ་རབ་ཏུ་རྟེན། །བརྟེན་ པའི་ཡི་གེ་དེ་བཀོད་ནས། །དབུས་སུ་བསྟན་པར་བསྒོམ་པ་ནི། །གཤིན་རྗེ་སྟེ་སྐུ་དམར་ནག་ལ། །དབུ་གསུམ་པོ་ལ་ཕྱག་ཀྱང་དྲུག་དབུ་ལ་ཐོད་པ་ཚལ་གྱིས་བརྒྱན། །ཞལ་ གཡས་སྨུག་ནག་གཡོན་ལྗང་བ། །དབུས་ནི་སྐུ་དང་རབ་མཐུན་པ་།སྐུ་ལ་ཐོད་པ་རྒྱན་གྱི་ཚལ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ། །ཡབ་ཀྱི་སྐུ་ལ་རབ་འཇུག་པ། ། གཡོན་ཕྱོགས་གནས་པ་གོང་མ་བཞིན། །ཨོཾ་ཨ་མྲྀ་ཏ་ཏ་ཀ་སརྦ་ཨ་མྲྀ་ཏ་ཀྲོ་ཏ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀྲོ་ཏ་ཧཱུཾ་ཕཊ། དེ་ལྟར་ཡབ་ཡུམ་གསལ་བར་བསྐྱེད། །པདྨའི་གདན་ལ་ རབ་བཞུགས་པའོ། །འཁོར་ལ་སོགས་པའི་རིམ་པ་ནི། །བསྐྱེད་པ་གོང་མའི་རིམ་པའོ། །རྟག་ཏུ་བཟླས་པ་བསྙེན་པའི་སྔགས། །མི་དྲག་མི་བུལ་མི་ཞན་པར། །ཏིང་འཛིན་ [98A]༄༅། །གསལ་བར་བསྒོམས་བྱས་ཏེ། །ཞི་ལ་འཚེར་བའི་ཏིང་འཛིན་ལ། །རི་རབ་དབུས་ཀྱི་ལྟེ་དབུས་ལ། །རབ་བརྟེན་འོག་གི་གོ་གོ་ནས་།རྡོ་རྗེ་ཚེ་ཡི་ དབང་སྩོལ་ཏེ། །ཕྱོགས་བཅུ་གདུག་པའི་ཚེ་འདྲེན་ཏེ། །གདུག་པ་མ་ལུས་འགུགས་པར་འགྱུར། །ཚེའི་སྙིང་པོ་འདི་རྟག་ཏུ་བཟླས། ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཨ་ཀོ་ཨཱ་ ཡུ་ཕ་ལ་སི་ཏི་ནི་བྲུཾ་ཨ། དེས་ནི་ཚེ་ཡི་དབང་ཐོབ་ནས། །སངས་རྒྱས་སྐུ་དང་མཉམ་པ་དང། །བསྐལ་པ་མ་ཞིག་བར་དུ་ནི། །ལོ་ལྔ་ལོན་པ་བཞིན་དུ་གནས། །དེ་ནས་བསྐུལ་ བའི་གནས་འདི་གསུངས། །ཨེ་མའོ་ཕྱོགས་བཅུ་ཀུན་ནས་འདུས་པ་ཡི། །ཡེ་ཤེས་རྒྱལ་པོའི་ཐིག་ལེ་འདི། །གསང་ཆེན་རྨད་དུ་བྱུང་བ་སྟེ་།རྒྱུ་དྲུག་འཁོར་བའི་སེམས་ ཅན་རྣམས། །ཡེ་ནས་ལྷུན་གྱིས་གྲུབ་པའི་བཅུད། །ཐམས་ཅད་མ་ལུས་ཆོས་སོ་ཅོག་ཆོས་ཀྱི་སྐུ་འམ་ཆོས་ཀྱི་དབྱིངས། །དོན་དམ་ཚིག་དང་མངོན་སུམ་པ། །དངོས་ པོ་མཚན་མ་ཐམས་ཅད་ལས། །ཁྱབ་པའི་མྱ་ངན་ཐུགས་རྗེ་ཆེ་།ཕྲ་མོ་སེམས་ཀྱི་རང་བཞིན་ཏེ། །གཏི་མུག་མུན་པ་སེལ་བ་སྟེ་།ཉོན་མོངས་དྲི་མ་ཀུན་དང་བྲལ། །ཤིན་ཏུ་ སད་པ་མྱ་ངན་འདས། །ཐུགས་རྗེའི་རང་བཞིན་གཤིན་རྗེ་སྟེ། །རྡོ་རྗེ་ཚེའི་རང་བཞིན་མི་འགྱུར་རོ། །ཞེས་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་ [98B] །ཨེ་མའོ་ཕྱོགས་བཅུ་འཇིག་རྟེན་ཡེ་ནས་དབེན། །བདེར་གཤེགས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ། །མཐའ་ གཉིས་སྤངས་པའི་ཡེ་ཤེས་ལྷུན་རྫོགས་པའི། །ཕྱོགས་བཅུའི་སྟོང་ཁམས་འཇིག་རྟེན་རྒྱན་དུ་བཅས། །ཐབས་དང་ཤེས་རབ་ཀྱིས་ནི་དབང་བསྐུར་ན། །བདུད་དང་སྲིན་པོ་ལོག་ འདྲེན་ཚེ་བསྡུས་ཏེ། །དབང་བསྐུར་གནང་བ་དེས་ཀྱང་བྱིན་བསྐྱེད་དེ། །ཤར་ཕྱོགས་དྲི་ཟའི་གནས་ནས་ཚེ་དྲོངས་ཤིག་ཨོཾ་བཛྲ་ཀུ་ལ་ཨེ་སྭ་ཤྭ་ར་ན་ཧ་ཧ་ཧོ་ཧོ་ཧཱུཾ་ཧཱུཾ། ཞེས་ནི་དབྱངས་ དང་བཅས་པ་ཡིས། །རྡོ་རྗེ་རིགས་ལས་གྲུབ་པ་ཡི། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །མགོན་པོ་གཤིན་རྗེ་ཚེ་དབང་བསྐུར། །དེ་ནས་རིན་པོ་ཆེའི་ཚེའི་དབང་བསྐུར་བའི་ ཕྱིར་འདི་གསུངས་སོ། །ཨེ་མའོ་རིན་ཆེན་འཆང་བ་ཀུན་གྱི་བདག་།འཇིག་རྟེན་དབང་ཕྱུག་དབང་བྱེད་པ། །གཙོ་མཆོག་ཁྱབ་པར་བྱིན་བརླབས་ཏེ། །མི་འགྱུར་རིགས་ཀྱི་ཚེ་ཐོབ་ ནས༑ ༑ལྷོ་ཕྱོགས་གཤིན་རྗེའི་གནས་ནས་ཚེ་དྲོངས་ཤིག་ཨོཾ་རཏྣ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧཾ། རིན་ཆེན་དགྱེས་པའི་དབང་བསྐུར་བས། །ཁྱད་པར་བྱིན་རླབས་ཐོབ་གྱུར་ཅིག་ དེ་ནས་པདྨ་རིགས་ཀྱི་ཚེའི་དབང་འདི་ཡང་གསུངས་སོ། །ཨེ་མའོ་ཁྲོ་གཏུམ་རྔམ་པའི་ཚོགས། །པདྨའི་རིགས་ཀྱི་དབང་ཕྱུག་སྟེ་།སྣང་བ་མེད་ལས་ལྷུན་གྱིས་གྲུབ། །རྡོ་རྗེ་འཆང་ [99A]༄༅། །གིས་དབང་བསྐུར་བས། །ཀླུ་འདུལ་ཚེ་ཡི་དབང་ཐོབ་ཤོག་།པདྨ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧཾ། ལྷུན་གྱིས་གྲུབ་པ་ཚེ་ཡི་དབང། །ཐོགས་མེད་དམ་པ་ཐོབ་ པར་ཤོག་དེ་ནས་ལས་ཀྱི་རིགས་ཀྱི་ཚེའི་དབང་བསྐུར་བ་འདི་བརྗོད་དོ། །ཨེ་མའོ་རང་བཞིན་མཚན་མ་མེད་པ་ཡི། །ཡེ་ཤེས་ལྔ་ལྡན་འཕྲིན་ལས་གཙོ། །གཉིས་སུ་ མེད་པ་ལས་ཀྱི་རིགས། །ལས་རྣམས་ཐམས་ཅད་དབང་བསྐུར་བས། །གནོད་སྦྱིན་གདོན་ལས་ཚེ་དྲོངས་ཏེ། །གནོད་སྦྱིན་བགེགས་འདུལ་དབང་ཐོབ་ཤོག་ཨོཾ་ཀརྨ་ཀུ་ལ་ ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧཾ་ཞེས་བརྗོད་པས་ཐམས་ཅད་ཚེའི་དབང་ཉིད་དུ་གྱུར་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཚད་མེད་བཞི་ཡི་ཐུགས་རྗེས་ཀྱང། །ཉོན་མོངས་དགྲ་རྣམས་ཞི་ གྱུར་ཅིག་ཅེས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་ཚེའི་དབང་བསྐུར་རོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ འཇམ་དཔལ་ཚེ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་བདག་ཉིད་དེས་མཐའ་བྱེད་འབྱུང་པ་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ ལས་བྱུང་ངོ། །གཤིན་རྗེ་ལས་ཀྱི་འཕྲིན་ལས་འདི། །མྱོས་དང་མགོ་འཁོར་བྱེད་པ་དང། །ཡིད་འཁྲུག་ཁྲག་ཏུ་སྐྱུག་པར་བྱེད། །ལོག་འདྲེན་རྣམ་པ་དྲུག་ཏུ་བསྟན། ། [99B] །བཅུ་གཉིས་འཁོར་ལོ་རྩིབས་ཅན་དེ། །ཡི་དྭགས་ཀྱི་ནི་གོས་ལ་བྲི། །སུམ་བརྩེགས་ལྡན་པའི་མུ་རན་ལ། །དབྱངས་ཀྱི་ཡི་གེས་ ཀུན་ཏུ་བསྐོར། །ཧྲཱིཥྚིའི་སྔགས་ཀྱིས་མནན་བྱས་ལ། །ཐ་ལ་ཐོད་པ་གཏང་བར་བྱ། །དེ་ནས་སྔགས་ཀྱིས་དགང་བར་བྱ། །ཡ་མ་ན་སྟེར་ཙའི་ཚོགས། །ས་སྟེ་འབྱུང་བྱེད་དོ་ཡི་ རྟེན༑ ༑མེ་སྟེ་ཐམས་ཅད་སྲེག་པའོ། །བདག་ཉིད་གཤིན་རྗེ་མཐར་བྱེད་སྐུར་བསྐྱེད་ལ། །ཡུམ་ཡང་དེ་རུ་བསྒོམ་བྱས་ལ། །ཕྱོགས་བཅུ་གདུག་པ་ཐམས་ཅད་ཀུན། །མ་ལུས་ ཚམ་ངམ་དྲག་པར་བྱ། །བཟླས་པའི་སྙིང་པོ་མ་ནོར་བར། །སྒྲ་དང་འདུ་བྱད་རབ་སྤངས་ཏེ། །བདེ་ཞིང་ཡིད་འོང་གནས་དག་ལས་།རབ་ཏུ་སྡང་མིག་སྡང་སེམས་བཅས། །སྒྲ་ དང་བཅས་པའི་སེམས་སྤངས་ཏེ། །ཉི་མ་ཤར་ནས་ནུབ་ཀྱི་བར་།རྒྱུན་དང་དུས་སུ་སྟོན་པའོ། །བར་བར་བསྐུལ་བའི་ལས་བྱ་ཞིང་།བཅོལ་བའི་ལས་དག་རབ་ཏུ་བརྗོད། །དེ་ནས་ བཅོམ་ལྡན་འདས་ཁྲོ་བོ་གཤིན་རྗེའི་ཚོགས་ཐམས་ཅད་ཡུམ་བཙུན་མོ་དང་གཉིས་སུ་མེད་པར་བྱས་ཏེ་བཟླས་པའི་སྔགས་འདི་སྐུ་དང་གསུང་དང་ཐུགས་ལས་ཕྱུང་ངོ། །ཨོཾ་ ཧྲཱིཥྚི་བི་ཀྲི་ཏཱ་ན་ན་ཧུཾ་ཧུཾ་པ་ན་ཨ་ནུཏྦྷ་བ། སརྦ་དྷརྨ་ཙ་ཙཱརྱ་ཨ་ཏི་བ་ཧཾ། ཨོཾ་ལཾ་ཡཾ་ཨཾ། བཛྲ་བོ་དཧི་ཏ་ཐཱ་ག་ཏ་ཀྲོ་དཧི་ཤྭ་རི། ཨ་བྱི་ཏ་བཛྲ་ཀྲོ་དཧི་ཤྭ་རི་ཧེ་ཧེ་ཧཾ་ཧཾ། སྔགས་འདི་རབ་ཏུ་ [100A]༄༅། །བརྗོད་བྱས་པས། །ཁ་དོག་ཆེ་ཞིང་ལུས་བོང་ཆེ་བ་དང། །རྒྱ་དག་ཡོངས་སུ་མ་ཆད་ཐམས་ཅད་ནམ་མཁའ་སྟེ། །གསལ་བའི་ཤེས་རབ་ཐམས་ཅད་ ནམ་མཁའ་འདྲ། །མཐར་ཕྱིན་སྔགས་ཀྱི་ལུང་ལ་མཁས་པར་བྱ་།དེ་ཡི་སྦྱོར་བ་ཐམས་ཅད་དགྱེས་སྐོངས་ཤིག་དབང་སྡུད་སྔགས་ཏེ་དྲག་པོའི་ལས་དང་སྦྱར། །མི་ དམིགས་གཙོ་བོའི་སྔགས་དང་ཕྱག་རྒྱར་གནས། །སྒྲོལ་དང་མཐར་ཕྱིན་འཕྲིན་ལས་གནས་སུ་བསྟན། །ཏིང་འཛིན་རིམ་པ་འདི་དག་ལྡན་པར་བྱ། །ཁྲོ་བོ་དེ་བཞིན་གཤེགས་ པའི་ཏིང་ངེ་འཛིན་དང། སྒྱུ་མ་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་དང། གོ་འཕང་ཆེན་པོ་ལ་སྦྱར་བའི་ཐབས་ཀྱི་ཏིང་ངེ་འཛིན་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ ངེ་འཛིན་དང། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང། ཡེ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་ དང། ཡོན་ཏན་གྱིས་ང་རྒྱལ་འཇོམས་པའི་ཏིང་ངེ་འཛིན་དང། འབད་པ་མེད་པའི་བརྩོན་འགྲུས་ཀྱིས་ཕྲག་དོག་འཇོམས་པའི་ཏིང་ངེ་འཛིན་ཏོ། །དེ་དག་འཇོམས་པའི་སྔགས་ ནི༑ འདི་དག་གོ་པྲཛྙཱ་ཀུ་ལ། ཛྙཱན་ཀུ་ལ། དྷ་ཀ་ཀུ་ལ། གུ་ན་ཀུ་ལ། བཱིརྱ་ཀུ་ལ། ཧཱུཾ་ཏ་ཀུ་ལ། བཛྲ་ཀུ་ལ། པདྨ་ཀུ་ལ་ཀརྨ་ཀུ་ལ། རཏྣ་ཀུ་ལ། སརྦ་ཏ་ཐཱ་ག་ཏོ་ཧོ་ཞེས་བརྗོད་ [100B] །དཔེར་ན་མེ་དང་འོད་བཞིན་དུ་།འོད་ལ་སྦྲང་མ་འདུ་ན་ཡང། །མེ་ལྕེའི་དྲོད་ནི་འོད་ལ་ཡོད། །འོད་ཀྱིས་སྦྲང་ཚིག་ཇི་བཞིན་དུ། །སྐྱོན་གྱི་དྲི་མ་ ཐམས་ཅད་དང། །བདུད་དང་མུ་སྟེགས་ལོག་འདྲེན་དང། །མི་མཐུན་པ་ཡི་དགྲ་དང་བགེགས། །ཤེས་རབ་ཐབས་ཀྱིས་གཟིར་གནོན་པའི། །མེ་ལྕེ་དང་ནི་སྦྲང་མ་འདྲའོ། །ཐ་དད་ པ་ཡི་མི་མཐུན་པའང། །འཕགས་པ་འཇམ་དཔལ་གཤིན་རྗེ་ཉིད་།འཁྲིགས་པ་མེད་ཅིང་སྒྲོལ་བར་བྱེད། །མི་སྐྱེ་ཡེ་ཤེས་རལ་གྲི་ཡིན། །ཉོན་མོངས་སྡུག་བསྔལ་དྲལ་བྱས་ ནས༑ ༑གནས་དང་གནས་མ་ཡིན་པ་ཡི། །རྒྱུ་དང་རྒྱུ་མ་ཡིན་པ་ཡི་།ཉོན་མོངས་སེམས་ཅན་མཐོ་རིས་གནས། །བསྒྲལ་བའི་ཞིང་དུ་སྨོས་པ་དེ། །དེ་ལ་དེ་བཞིན་དྲག་ཏུ་བྱ། །རིགས་ དང་ལོ་གྲངས་མཐུན་པ་ལ། །དེ་བཞིན་བྱས་ན་སྐྱོན་པ་སྟེ། །དེ་དག་ཡོངས་སུ་ཤེས་པར་བྱ། །ལས་དང་བྱ་བ་རྩོལ་བ་རྣམས་།ཉམས་ཀྱི་ཕྱག་རྒྱས་རང་དོན་སད། །དེ་རྟགས་ དཀའ་བ་མི་འགྱུར་ཏེ། །མི་ལ་ཡ་ཡི་འོག་གོས་ལ། །གི་ཝང་དག་གིས་བྲིས་བྱས་ཏེ། །འོག་ནས་འབྱུང་བའི་གསང་སྔགས་དང། །གང་བྱ་སྤེལ་ལ་བྲིས་བྱས་ལ། །རཀྟ་དག་གི་ ཁ་ཆུས་བྲན། །ཐུབ་པ་དྲུག་གི་སྙིང་པོ་བྲི། །གསང་བའི་སྔགས་འདི་དྲག་ཏུ་བརྗོད། །ཨོཾ་ཧྲཱིཥྚི་ཀྲོ་དྷ་པི་ཀྲཱེ་ཏ། ཧྲཱིཥྚི་ཀྲོ་དཧི་མ་ར་ཏ། པྲ་སད་ཧེ་ཏེ་བ་མུ་ཀ་ཧེ་ཧང་ཧེ་ཧང། ཀ་ལ་རཱུ་པ་ཧུཾ་ [101A]༄༅། །ཧུཾ་ཕཊ་ཕཊ་ཨ། དེ་སྐད་གསུང་གི་སྒྲ་བསྒྲགས་པས་།དགྲ་དང་བགེགས་དང་མུ་སྟེགས་དང། །བདུད་དང་སྲིན་པོ་མ་ལུས་རྣམས། །གཟིར་ཅིང་ མནན་པ་དྲག་ཏུ་བྱ། །མི་མཐུན་ཕྱོགས་ཀྱི་འབྱུང་པོ་དེ། །གདུལ་བར་བྱ་བའི་དོན་ཆེད་དུ། །ཁྲོ་བོའི་སྐུ་རུ་བསྒོམས་བྱས་ཏེ། །ཐམས་ཅད་བསྒྲལ་བར་བྱ་བ་ཡི། །རང་བཞིན་ གྲུབ་པ་འདི་གསུངས་སོ། །ཨོཾ་པྲ་མཱརྟ་ན། ན་མོ་བཛྲ་བཛྲ་ཀི་མོ་ན་ཏ། ཨ་ཧང་པྲ་ཁུ་མ་ཁུ་མ་མོ་མུ་ཏི་སཱཧཱ། དེ་སྐད་ཅེས་ནི་གསུངས་པ་ཡིས། །རང་བཞིན་གྱིས་ནི་དབང་ དུ་འགྱུར། །བདུད་རྣམས་དག་ནི་ཁྲོ་ཞིང་གཏུམ། །སྲིན་པོ་དག་ནི་འཇིགས་ཤིང་རྡམ། །མུ་སྟེགས་ལོག་འདྲེན་རྒོལ་བར་བྱེད། །དེ་དག་གདུལ་བར་བྱ་བའི་ཕྱིར། ། འཕྲིན་ལས་དམ་པ་འདི་བརྩམས་སོ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་ཀྱི་ཕོ་བྲང་ལྟེ་བ་ལ། །བདུད་རྣམས་འདུལ་བའི་སྙིང་པོ་བྲི། །ཤར་གྱི་འཁོར་ལོའི་ རྩིབས་སྟེང་དུ། །དྲི་ཟ་དབང་བསྡུའི་སྙིང་པོ་བྲི། །ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་ལ། །མུ་སྟེགས་སྒྲོལ་བའི་སྙིང་པོ་བྲི། །ནུབ་ཀྱི་ཕྱོགས་ཀྱི་འཁོར་ལོ་ལ། །ཀླུ་རྣམས་ཚར་གཅོད་ སྙིང་པོ་བྲི། །བྱང་གི་ཕྱོགས་ཀྱི་འཁོར་ལོ་ལ། །གནོད་སྦྱིན་ཚོགས་རྣམས་དབང་སྡུད་བྲི། །ཧུཾ་བིགྷ་ནན། ཧུཾ་རཀྵ་ན་ན། ཨོཾ་ཏིར་ཏི་ཀ་ནན། ཨོཾ་མ་ར་ན་ནན། མཚམས་ཀྱི་ [101B] །མཚམས་ཀྱི་བགེགས་གནོན་སྙིང་པོ་བྲི། །ཧུཾ་དྷ། ཧུཾ་པཱ། ཧུཾ་ལཱ། ཧུཾ་སཱ། གྲུ་ཆད་རྣམ་པ་བཞི་པོ་ལ། །ཐོད་པ་རློན་པ་བྲི་བར་བྱ། །མུ་ཁྱུད་ཐོད་བ་ ཕྲེང་བ་གཏང། །ཕྱི་རོལ་སྦྲུལ་གྱིས་ཡོངས་སུ་དགང། །དེ་ལྟར་དཀྱིལ་འཁོར་ཟིན་པ་དང། །རྣམ་པར་འཚེ་བའི་གཟུགས་རྣམས་ཀུན་།ཁམ་པ་རྫ་ཡི་ག་འུ་ལ། །གཟུགས་སུ་ ཡོངས་སུ་བྲིས་བྱས་ཏེ། །དབུས་སུ་ཡོངས་སུ་གཞག་པར་བྱ། །ཁ་དོག་དམར་པོས་བཅིངས་ནས་ནི། །རྩེ་གཅིག་ཕྱག་རྒྱ་བཅས་བྱས་ལ་།གསང་སྔགས་འདི་ཡང་འབུམ་ ཁྲི་བརྗོད། །ཨོཾ་པྲ་མརྟ་ན་མོ་ཧ་སྲ་བཛྲ་ཛ་ཀི་མོ་ན་དྷ་ཨ་ཧང་པྲ་ཁུ་མ་མོ་ཐ་ཐ་སཱཧཱ། ན་མོ་དོ་གི་ཁ་དྷ་མུ་པྲ་བ་ཐ་བྱི་ཐ་ཨུསྟེ་ནི་ནན་སརྦ་ཏ་ཏ་ན་ཕཊ། ཕྱག་རྒྱ་དེ་དང་བཅས་པས་ བརྡེག་ཞག་གསུམ་བཟླས་པ་བྱས་ན་ནི། །བགེགས་དང་ལོག་འདྲེན་དབང་དུ་འདུས། །གཞན་ཡང་དེ་བཞིན་བཞུགས་པའི་ཁྲོ། །དཀར་དང་དམར་དང་སེར་བ་དང། །སྨུག་ ནག་ལྗང་ནག་ཁམ་པ་དང། །སོ་སོའི་ཆ་ལུགས་རྔམ་པའི་གཟུགས་།མགོན་པོ་གཤིན་རྗེ་ནག་པོ་ཡིས། །བགེགས་དང་ལོག་འདྲེན་གཟེར་ཅིང་གནོན། །རྔམ་པའི་ཞལ་ དུ་འདི་བསྟབས་སོ། །ཨོཾ་ཆེ་གེ་མོ་ཁ་རཾ་ཁཱ་ཧི། ཨོཾ་ཧྲཱིཥྚི་ཆེ་གེ་མོ་ཁ་རཾ་ཁཱ་ཧི། ཨོཾ་ཀ་ལ་རཱུ་པ་ཆེ་གེ་མོ་ཁ་རཾ་ཁཱ་ཧི། ཧུཾ་ཧུཾ་ཕཊ་ཕཊ་ཨ། ཉིན་ཞག་གསུམ་གྱི་བར་དུ་བཟླས། ། [102A]༄༅། །དེ་ནས་ཕྱག་རྒྱ་གསུམ་བཅས་ཏེ། །ཡང་ནས་ཡང་དུ་གཟིར་ཅིང་མནན། །ཕྱག་རྒྱ་དེ་དང་གསང་སྔགས་འདིས། །ལན་གྲངས་སྟོང་རྩ་གཅིག་ཏུ་བརྡེག། ། ཨོཾ་ཧྲཱིཥྚིཾ་བཛྲ་ཡ་ཡ་ན་པརྣ་སུ་པུཏྟ་ཧུཾ་ཧུཾ་ཕཊ་ཕཊ་ཨ། ལས་དང་རྫས་དང་སྔགས་དང་ནི། །ཕྱག་རྒྱ་བརྩོན་འགྲུས་མ་ཡེངས་པར། །འབུམ་མམ་གྲངས་ནི་ཅི་མང་དུ། །ཡང་ ནས་ཡང་དུ་ནན་ཏན་བྱ། །ཞེས་བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས་རབ་ཏུ་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ ལོག་འདྲེན་མཐར་བྱེད་ཀྱིས་མནན་བའི་ལེའུ་སྟེ་དགུ་བའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་བདག་ཉིད་ངེས་མཐར་བྱེད་འབྱུང་བ་འདི་ཉིད་ཀྱི་སྐུ་དང་ གསུང་དང། ཐུགས་ཡོན་ཏན་འཕྲིན་ལས་ལས་ཕྱུང་ངོ། །གནོད་སྦྱིན་མཐར་བྱེད་འཕྲིན་ལས་འདི། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ་།བཟླས་པའི་སྙིང་པོ་བྲི་བར་བྱ། ། ཡ་སྟེ་སྐྱེད་པ་མེ་སྟེ་སྲེག་ཏོས་ལ་སྙིང་རྗེ་རུ་ལ་ཆགས་།མཛ་ནི་འབྱུང་བྱེད་ཡབ་ཀྱི་གསང། །ཡོ་ལ་ཀུན་འབྱུང་ཏ་ལ་བསྡུ། །བདག་ཉིད་ལས་ཀྱི་མཐར་བྱེད་སྐུ། །ཡབ་ཡུམ་ གཉིས་མེད་རོལ་པ་ལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །འཛུམ་དང་བཅས་པས་ཡུལ་ལ་འབུལ། །བྱང་ཆུབ་བླ་མེད་སངས་རྒྱས་ལ་།མཆོད་ཅིང་ཇི་ལྟར་མཛད་པ་ [102B] ༑བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ཏིང་འཛིན་འདུ་བ་ནམ་མཁའ་འདྲ། །ཞེས་གསུངས་པས་ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་སྤ་གོང་སྟེ་ཁྲེད་ནས་མྱོས་པར་འགྱུར་ ཏེ༑ དཔེར་ན། མི་ར་རོ་བ་བཞིན་ནོ། །དེ་ནས་ནན་ཏན་གྱི་འཕྲིན་ལས་འདི་ཉིད་ཀྱི་སྐུ་དང། གསུང་དང། ཐུགས་ཡོན་ཏན་འཕྲིན་ལས་ལས་ཕྱུང་ངོ། །གདུག་པ་མ་ལུས་འདུལ་ མཛད་པ། །ཁྲོ་བོ་ཆེན་པོ་ཧཱུཾ་སྒྲ་ཅན། །ལས་རྣམས་མཐར་བྱེད་འཕྲིན་ལས་སྐུ། །གནོད་སྦྱིན་སྡང་སེམས་ལྡན་པ་ཀུན། །བར་ཆད་བྱ་བར་སེམས་པ་སྟེ། །དེ་དག་ཟིལ་གྱིས་ གནོན་པའི་ཕྱིར། །སྐུ་མདོག་ནག་པོ་ཆེན་པོ་སྟེ། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཐོད་པ་ཚར་གསུམ་དབུ་རྒྱན་ཅན། །ཕྱག་གཡས་ཞིང་ཆེན་གཡོན་བྷནྡྷ། །སྤྱན་གསུམ་ མཆེ་གཙིགས་ཞབས་ཀྱང་བརྐྱང་བསྐུམ་སྟེ། །མི་མཐུན་བགེགས་དང་སྡང་བའི་སྒྲ། །མ་ལུས་དབང་སྡུད་འཕྲིན་ལས་མཆོག་གི་སྐུ། །མི་སྡུག་ཚུལ་འཆང་དྲེགས་པའི་ཁྱོ་ཤུག་ ལྡན༑ ༑ཞིང་ཆེན་གཡང་གཞི་རྒྱན་དུ་བྱས། །ཞེ་སྡང་དབང་སྡུད་སྟག་གི་ཤམ་ཐབས་ཅན། །ཉོན་མོངས་དབང་སྡུད་གླང་ཆེན་ཀོ་རློན་ཅན། །འདྲེན་པའི་ཁྲོ་རྒྱལ་གདུག་འདུལ་ དམ་པ་འདི། །དུས་ངན་ཐ་མའི་སེམས་ཅན་འདུལ་དཀའ་བ། །ཉོན་མོངས་དབང་སྡུད་དཔལ་གྱི་ཞལ་དུ་སྟོབ། །འགྲོ་བ་མ་ལུས་ཐུགས་རྗེས་དབྱིངས་ལ་དགོད། །ཞེ་སྡང་ [103A]༄༅། །ཤུགས་འཆང་ཁྲོ་བོའི་གཙོ། །གདུག་པར་གྱུར་པའི་དགྲ་བགེགས་འདུལ་མཛད་པ། །ང་རྒྱལ་ལ་སོགས་རྟག་ཏུ་དུག་གསུམ་སྐུ། །ཡེ་ཤེས་ངང་ ལས་ཐམས་ཅད་རྫོགས་པར་མཛོད། །ཨོཾ་བཛྲ་ཧྲཱིཥྚི་བི་ཀྲི་ཏཱ་ན་ན། ཏ་ཐཱ་ག་ཏ་ཡ་མ་ར་ཙ་ཧཱུཾ་ཕཊ་ཨ། ཞེས་པའི་སྔགས་དང་བཅས་ལ་བདག་ཉིད་ལས་མཐར་བྱེད་ཀྱི་སྐུར་ བསྒོམས་ལ་འཕྲིན་ལས་བཅོལ་ཞིང་གནོན་པ་དྲག་ཏུ་བཟླས་པའི་སྙིང་པོ་བཟླའོ། །དེའི་དུས་སུ་སྦྱིན་སྲེག་བྱེད་ན། འཕྲིན་ལས་བརྩམ་པར་བྱ་སྟེ། མེ་ཐབས་ཨེ་ཡི་ དབྱིངས་འདྲ་ལ། །བང་རིམ་སུམ་བརྩེགས་ཁ་ཁྱེར་ཅན། །ངོས་ལ་མེ་ཡི་ཕྲེང་བ་གཏང། །ཁ་ཁྱེར་རྡོ་རྗེ་ར་བ་ལ། །མུ་རན་ཐོད་པའི་ཕྲེང་བ་སྟེ། །མེ་སྟེ་བསྲེག་བྱ་འཆང་ ཞེས་པ༑ ༑ཁ་དོག་ནག་པོ་ཤིན་ཏུ་རིང། །ཕྱག་ན་ཞུགས་གླིང་བགྲང་ཕྲེང་དང། །བེ་ཅོན་རིལ་བ་ཐོགས་པ་སྟེ། །ཚུལ་བཞིན་སྤྱན་དྲངས་གདན་བཞུགས་བསྟོད། །དབང་ དང་ཕྱག་ཚང་གཤེགས་པ་རྣམས། །གང་ལྟར་འཚམ་པ་བཞིན་དུ་བྱ། །གཉིས་འོག་རང་བཞིན་ཡ་མའི་སྐུ། །གཉིས་མེད་སྤྱན་དྲངས་བཞུགས་ལ་བཅོལ། །སྦྱིན་སྲེག་ འཕྲིན་ལས་ཟིན་པ་དང། །བཅོལ་བསྐུལ་དག་ཀྱང་རབ་ཏུ་བྱ། །རྫས་ནི་དུག་དང་ལན་ཚྭ་དང། །སྐེ་ཚེ་སྦྲང་རྩི་ཡུངས་ནག་དང་།གུ་གུལ་ནག་པོ་ལ་སོགས་པའི། །ལྕགས་ [103B] །བདག་ཉིད་ལྷ་ཡི་སྐུར་བསྒོམས་ལ། །དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཡི། །སྔགས་འདི་རབ་ཏུ་རྩེ་གཅིག་བཟླ། །ཨོཾ་ཧཱུཾ་ཡ་ཁང་མེ་ཏྲ་ཧ་མུ་ ཁ་ཧྲཱིཥྚི་ཡ་མ་ར་ཙ་ཕཊ་ཧཱུཾ། ཕྱག་རྒྱ་ཟིལ་གནོན་ཕྱག་རྒྱ་བཅའ། །དཀྱིལ་འཁོར་བསྐོར་ཞིང་གསང་སྔགས་བཟླས། །བདག་ཉིད་ནུབ་ཀྱི་ཕྱོགས་འདུག་སྟེ། །ལས་ཀྱི་མཐར་བྱེད་ སྐུར་བསྒོམས་ལ། །གསང་སྔགས་མི་བུལ་མི་དྲག་པར། །བཟླས་ན་མྱུར་དུ་འགྲུབ་པ་ནི། །ཡིད་འཁྲུགས་མྱོས་ནས་དབང་མེད་འགྱེལ་བ་དང་།རབ་ཏུ་བརྒྱལ་ནས་ཐལ་བར་ འཇིག་པ་དང། །དེ་རྣམས་མི་འགྲུབ་པ་རུ་ངས་མ་བཤད། །ཅེས་བཅོམ་ལྡན་འདས་དོན་ཡོད་པའི་ཁྲོ་བོས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ ལས༑ གནོད་སྦྱིན་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་པའོ།།།།དེ་ནས་ཡང་འཇམ་དཔལ་གཤིན་རྗེ་གཤེད་ཆེན་པོས་མཐར་བྱེད་འབྱུང་བ་འདི་སྐུ་དང། གསུང་ དང། ཐུགས་ལས་ཕྱུང་ངོ། །སྲིན་པོ་མཐར་བྱེད་འཕྲིན་ལས་འདི་།དཀྱིལ་འཁོར་སྒོམ་པར་བྱ་བར་བསྟན། །ཡ་སྟེ་རྒྱུ་ལ་ཏ་སྟེ་རྐྱེན། །ཡོ་ནི་ཀུན་ཏུ་བསྐུལ་བ་ལ། །ནི་ནི་སྡུད་བའི་ དེ་ན་ཡིན་ཏེ། །རི་ཞེས་བྱ་བ་ལྷུན་སྟུག་པ། །ཡ་ལ་འདུས་ཏེ་ཀྵེ་ལ་ཐིམ། །བདག་ཉིད་ཆིངས་ཞེས་བྱ་བའི་སྐུ། །དབུ་གསུམ་པོ་ལ་ཕྱག་དྲུག་སྟེ། །གཡས་དཀར་གཡོན་དམར་ [104A]༄༅། །དབུས་སེར་ནག་ཕྱག་དྲུག་ཕྱག་མཚན་བསྣམས་པ་ནི་།གཡས་པ་བ་སུ་ཏ་ཡི་ཞགས། །གཡས་པར་གསལ་ཤིང་ཐ་མ་ལྕགས་ཀྱུའོ། ། གཡོན་གྱི་དང་པོ་ཆུ་སྲིན་པར་མ་ཀ་ཏ་རི། །ཐ་མ་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །སྐུ་སྟོད་གླང་ཆེན་ཀོ་རློན་ལ། །སྐུ་སྨད་སྟག་གི་ཤམ་ཐབས་ཏེ། །ཞིང་ཆེན་གཡང་ གཞིས་སྐུ་ལ་བརྒྱན། །གཞན་ཡང་དུར་ཁྲོད་རྒྱན་མཆོག་རྣམས། །མ་ལུས་སྐུ་ལ་རྫོགས་པ་ལ། །བསྐུལ་བའི་དབྱངས་འདི་བླང་བར་བྱ་།མི་ཤིགས་རྡོ་རྗེ་གར་གྱི་ བདག་རྡོ་རྗེ་གསང་བའི་གཤིན་རྗེ་སྟེ། །འཕྲིན་ལས་རྒྱལ་པོ་གྲུབ་པའི་ལས། །ཨོཾ་དང་ཨཾ་དང་ཧཱུཾ་ཞེས་པ། །ཨོཾ་ནི་དཔྲལ་བའི་སྟེང་དུ་དམིགས། །ཨཾ་ནི་ལྕེ་ཡི་སྟེང་དུ་ ལ༑ ༑ཧཱུཾ་ནི་ཐུགས་ཀ་ཉིད་དུ་འོ། །དེ་ལས་འོད་ཟེར་རབ་སྤྲོས་ཏེ་།བདག་ལུས་ནམ་མཁའ་ལྟ་བུར་གྱུར། །ཕཊ་ཅེས་བྱ་བ་རབ་བརྗོད་པས་།འཇིག་རྟེན་ཁམས་རྣམས་ འོད་ཀྱིས་ཁེབས། །དེ་ཉིད་སྲེག་པ་མ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་འབར་བ། །གཅིག་གི་སྟོང་ཉིད་གང་ཡིན་པ། །ཀུན་གྱི་སྟོང་པ་དེ་ཡིན་ནོ། །ཇི་ལྟར་མཁའ་ལ་ཚོན་ སྣང་བ༑ ༑ནམ་མཁའ་ཉིད་ལས་བྱུང་བ་ལྟར། །སྔགས་ཀྱི་འཕྲོ་འདུ་བཏང་བ་ཡང། །སེམས་ལས་བྱུང་བ་ནམ་མཁའ་ལ། །རྣམ་ཤེས་སྟོང་པའི་ངང་ལ་འདུ། །བདག་ [104B] །ཞེ་སྡང་འཕྲོ་འདུ་མང་བྱས་ལ། །བསྐྱེད་པའི་སྔགས་འདི་དྲག་ཏུ་བཟླས། །ཨོཾ་མ་ཧཱ་དཾ་ཥྚོཏྐ་པེ་ར་ཨ་ར་ནེ་ཙ་ན་ཀ་ཏ་ཁཻ་ཆེ་གེ་མོ་ལ་དུས་ཞེས་པ་ དང། སྔགས་གོང་ནས་འབྱུང་བ་དང་སྤེལ་ཏེ་ལས་བྱས་ན་གདོན་མི་ཟ་བའོ་ཞེས་གཤིན་རྗེ་ཁྲོ་བོའི་རྒྱལ་པོས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་ རྒྱུད་ལས། ཀླུ་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།།དེ་ནས་ཡང་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱིས་མཐར་བྱེད་འབྱུང་བ་འདི་ཉིད་ཀྱི་སྐུ་ གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་ཕྱུང་ངོ། །ཡ་མ་མཐར་བྱེད་འཕྲིན་ལས་ནི། །དཀྱིལ་འཁོར་སྔ་མ་འདྲ་བར་དམིགས། །བཟླས་པའི་སྙིང་པོ་འདི་ཡང་བྲི། །ཡ་སྟེ་འབྱུང་ བྱེད་ཀྵེ་ཡིས་སྲེག་ཡ་ནི་ཡང་དག་ཙ་ནི་སྐེམ། །ནི་ཞེས་པ་ནི་ཁུག་ཅིག་པའོ། །ར་ཞེས་བྱ་བ་བསྒྲལ་བ་ལ། །མ་ལས་སྐྱེད་བྱེད་སླར་སྡུད་པའོ། །བདག་ཉིད་ཡ་མ་མཐར་བྱེད་སྐུ།། སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་ལ་ཐོད་པ་ཕྱེད་ཚལ་བརྒྱན། །དབུ་ཡི་སྐྲ་ནི་ཁམ་ནག་ལ། །རལ་པ་གྱེན་དུ་འཁྱིལ་བ་སྟེ། །ཕྱག་གཡས་ཆུ་སྲིན་ དབྱུག་ཐོ་འཕྱར། །གཡོན་པ་ཕྱག་ན་ཞིང་ཆེན་ཟ་བའོ། །སྐུ་སྟོད་གླང་ཆེན་ཀོ་རློན་ལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན་།དུར་ཁྲོད་མེ་དབུས་བཞུགས་པ་ལ། །ཡུམ་ [105A]༄༅། །ཡང་དེ་དང་འདྲ་བར་བསྒོམ། །བཟླས་པའི་ཏིང་འཛིན་མེ་འདྲ་ལ། །བཟླས་བརྗོད་རླུང་འདྲ་གཡོ་ཞིང་བསྐྱོད། །ལྕེ་ལ་ཉི་མའི་དཀྱིལ་འཁོར་ལ། །སྟེང་དུ་བཟླས་ པའི་སྙིང་པོ་དགོད། །ཐ་མ་དབྱངས་དང་བཅས་པ་ལ་།ཧྲཱིཥྚྲིའི་སྔགས་ཀྱི་ཕྲེང་བ་གདགས། །ཕར་འཕྲོས་རྣམ་ཤེས་འགུགས་པར་བསམ། །ཚུར་བསྡུས་གཤིན་རྗེ་ཉིད་ལ་ ཐིམ༑ ༑འཕྲོ་འདུ་བཟླས་པ་དེ་དག་ཀུན། །གོང་དུ་བཤད་པ་དག་ལ་ཡང། །དེ་དག་རབ་ཏུ་སྦྱར་ཞེས་བཤད། །དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་ཁྲོ་བོས་བསྐུལ་བ་ འདི་གསུངས་སོ། །ཨོཾ། ཡ་མ་ལས་ཀུན་འཇིགས་པར་བྱེད་པ་ནི། །ཐམས་ཅད་དབང་སྡུད་ཡ་མ་མཐར་བྱེད་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང། །ཞབས་གཉིས་ དོར་ཐབས་ཀླུ་རྒྱལ་གནོན། །སྐུ་ལ་སྦྲུལ་ནག་སྟོང་གིས་བརྒྱན་པ་ནི། །བགེགས་རྣམས་འདུལ་ཞིང་རྟག་ཏུ་འཆི་བར་མཛད། །སྐུ་ལ་ཐོད་པའི་ཕྱེད་ཚལ་བརྒྱན་པ་ནི། ། འགྲོ་བ་ཐུགས་རྗེ་ཕྱོགས་གཅིག་དགོངས་པའི་རྟགས། །དབུ་སྐྲ་རལ་པ་གྱེན་དུ་འཁྱིལ་པ་ནི། །སྲིད་གསུམ་མ་ལུས་དབང་དུ་སྡུད་པའི་རྟགས་།ཕྱག་གཡས་ཆུ་སྲིན་ དབྱུག་ཏོ་བསྣམས་པ་ནི། །དགྲ་བགེགས་འཇིགས་པ་ཆེ་ལས་སྒྲོལ་བའི་རྟགས། །གཡོན་པ་ཞིང་དབྱུག་ཕྱག་ན་བསྣམས་པ་ནི། །ཐུགས་རྗེས་སེམས་ཅན་མྱ་ངན་ལམ་ལ་ [105B]ཀོ་རློན་གཡང་གཞིས་སྐུ་ལ་བརྒྱན་པ་ནི། །དུག་ལྔ་མ་སྤངས་གནས་སུ་དག་པའི་རྟགས། །སྟག་གི་གཡང་གཞིས་སྐུ་ལ་བརྒྱན་པ་ནི། །དུག་གསུམ་གནས་སུ་བསྒྲལ་ནས་ ཆོས་ཀྱི་སྐུ། །སྐྱེ་མེད་དང་ལ་གཡོ་བསྐྱོད་མི་མངའ་ཡང། །ཞེ་སྡང་འཕྲིན་ལས་བྱ་བའི་དུས་ལ་བབ། །ཨོཾ་ཧྲིཥྚི་ཡ་མཱ་ར་ཙ་སརྦ་མཱ་ར་ཡ་ནན་ཛ་ས་མ་ཡ་ཞེས་བརྗོད་ཅིང་ཞེ་སྡང་དང་ལྡན་ པར་ཏིང་ངེ་འཛིན་གྱིས་བཟླས་པ་དང་སྦྱར་ཏེ་ལས་བྱས་ན། གདོན་མི་ཟའོ། །དེ་དག་ནི། འདི་འོས་པ་ཙམ་གྱིས་མ་ཡིན་ཏེ། ཡང་དང་ཡང་དུ་འདྲིས་པར་བྱས་ལ་ནན་ཏན་གྱིས་ མ་བྱས་ན་འཕྲལ་དུ་ཕྲ་མོ་ཙམ་གྱིས་འགྲུབ་པ་མ་ཡིན་ནོ་།འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཡ་མ་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་ གཉིས་པའོ།། །།དེ་ནས་ཡང་ལས་ཕྲན་ཚེགས་སྒྲུབ་པ་འདི་ཉིད་ཀྱི་སྐུ་དང། གསུང་དང། ཐུགས་ཡོན་ཏན་འཕྲིན་ལས་ལས་བྱུང་ངོ་།ཟླ་བ་འདྲ་བའི་དཀྱིལ་འཁོར་ལ། ། པདྨའམ་འཁོར་ལོ་གང་ཡང་རུང། །ཡང་ན་རིན་ཆེན་དྲ་བ་ལ་།དྲ་མིག་རྣམས་ནི་འདུག་པར་གནས། །རིན་ཆེན་ཕུར་བུ་ནང་དུ་བལྟས་།དེ་རུ་བྲིའམ་གཟུགས་པར་བྱ། །ཐ་མ་སྦྲུལ་ གྱི་ཞགས་པས་བསྐོར། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ཁྲུ་གང་ཐུར་དུ་བསྐོས་བྱས་ལ། །ག་འུ་ཁ་སྦྱར་ནང་དུ་ནི། །ཡུངས་ཀར་བླུགས་ལ་བཟླས་པ་བྱ། །རྟགས་ལམ་ཡེངས་ [106A]༄༅། །འཕྲོ་འདུ་ཡིས། །རྒྱུན་མི་འཆད་པར་བསྒྲུབ་པར་བྱ། །ཨོཾ་བཛྲ་ཀ་ལ་ད་དུ་ཁ་ལ་པྲ་མ་རྟན་ཧཱུཾ་ཕཊ། སླེ་ཁ་སླེ་ཁ་ཕཊ་ཕཊ་ཅེས་བཟླས་ལ་བདག་ཉིད་ཡ་ མནྟ་ཀར་བསྒོམས་ལ་སྔགས་འདི་ནུས་ཚད་དུ་བཟླས་ན། འགྲུབ་ངེས་སོ། །ཡུངས་ཀར་རྒྱལ་པོ་སྒྲུབ་པའོ། །དེ་ནས་འཁོར་ཁྲོ་བོ་ལ་སོགས་པས་བཅོམ་ལྡན་འདས་གཤིན་ རྗེ་གཤེད་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་དབྱིངས་ལས་བྱུང་བ་དང། མཁའ་ལ་རྒྱུ་དང་ས་ལ་དབང་བ་གསུམ་གྱིས་བསྐུལ་བའི་དབྱངས་འདི་བདག་ཅག་ལེན་ལགས་ སོ༑ ༑ཡེ་ཤེས་མཁའ་ལྡན་མ་མོའི་དཔལ། །གཟི་བརྗིད་འབར་བའི་འཕྲིན་ལས་ཅན། །དབལ་གྱི་ཕྱག་བརྙན་རཀྟའི་དྲི་སྣོམ་མ། །མ་མོ་ཁྱོད་ནི་ཀུན་གྱི་གཙོ་མོ་དཔག་ཚད་ བརྒྱད་ཁྲིར་རྒྱུག་བུད་མེད་ལུས་ལ་འཇིགས་བྱེད་ཚུལ་འཚང་བ་།ཁ་ནས་མེ་འབར་རྒྱ་མཚོའི་གཏིང་ནས་སྐེམ། །མིག་ནས་ཞག་འཛག་རི་རབ་ཐལ་བར་རློག་སྐད་ཅིག་ ཙམ་ལ་སྟོང་ཁམས་དབང་དུ་སྡུད། །འཇིག་རྟེན་ལྷ་ཆེན་བརྒྱད་ཀྱང་འདར་ཡེད་ཡེད། །ཆེ་གེ་མོ་ཞིག་དབང་དུ་སྡུད་པར་བྱེད། །བུད་མེད་གཟུགས་ཅན་དུས་ལ་བབ། །ཆེ་གེ་མོ་ ཨོཾ་ཏྲག་རགཤ་ཧྲིཥྚི་ཡ་མ་མ་ནན་ཞེས་བསྐུལ་བ་ནི། དབྱིངས་ཀྱི་མ་མོའོ། །ནམ་མཁའི་གཏིང་དཔག་ཡངས་ལ་གནས་བཅས་ཤིང་།བར་སྣང་ཁམས་ལ་རྒྱུ་བའི་ཚོགས། ། [106B] ༑ལྕགས་ཀྱི་བྱ་ཁྲ་ལྟ་བུ་ནི། །མ་མོ་རྣམས་ཀྱི་མཆོག་ཀྱང་ཡིན། །ཁ་འབར་སྟོང་གི་གཙོ་མོ་སྟེ། །འཇིགས་བྱེད་རྣམས་ཀྱི་དབང་བྱེད་མ། ། སྲིད་གསུམ་དབང་དུ་སྡུད་པ་མོ། །གཟིགས་པའི་གོ་འཕང་ནམ་མཁའ་འདྲ། །གཤེགས་ཤིང་བཞུགས་པ་གློག་པས་མགྱོགས། །གཡས་ཀྱི་གཤོག་པ་བརྡབས་པ་ཡིས། །བདུད་ དང་སྲིན་པོ་རྡུལ་དུ་རློག་གཡོན་གྱི་གཤོག་པ་བརྡབས་པ་ཡིས་།དགྲ་བགེགས་འབྱུང་པོ་དབང་དུ་སྡུད། །དམ་ཚིག་ཅན་གྱི་དུས་ལ་བབ། །ཨོཾ་མར་ཏྲག་རགཤ་ཏྲི་ཡོ་ཡ་མ་ར་ཙ་ ཀ་ཀ་རུ་པ་ཧྲིཥྚྲི་ཛ་ཞེས་བསྐུལ་བ་ནི། མཁའ་ལྡིང་གི་ཚོགས་སོ། །ཡ་མ་ན་སྟེ་གྲུབ་པ་མོ། །ལ་ལ་ལག་ན་རྒྱུ་ཞགས་འཆང་།ལ་ལ་ལག་ན་ཐོད་ཕྲེང་འཛིན། །ལ་ལ་ཞིང་ཆུང་བ་ སུ་འདྲན། །ལ་ལ་མེ་ཁྱེར་རྒྱ་མཚོ་སྐེམ། །ལ་ལ་འགུགས་བྱེད་ཉམས་པ་འཛིན། །ལ་ལ་སྦྲུལ་ན་གཞགས་པ་འཛིན། །ལ་ལ་ཕོ་ཉ་འགུགས་ཤིང་འདྲེན། །སྔགས་པས་བོས་ ཤིང་གདུངས་པའི་ཚེ། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །སྡང་བར་སེམས་པའི་སྙིང་ནས་དྲོངས། །བརྩེ་བའི་ཚོགས་ཀྱི་དུས་ལ་བབ། །ཨོཾ་ཀ་ཧ་ཏྲག་རགཤ་རཏྣ་ཀ་ལ་ཧྲིཥྚྲི་སཱཧཱ་ ཞེས་སྤྱན་དྲང་ཞིང་བསྐུལ་བ་ནི། གཏེར་བདག་གི་ཚོགས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་འདི་སྐད་ཅེས་གསུངས་སོ་།རྒྱུད་ཀྱི་རྒྱལ་པོ་ལས་བཞི་འཁོར་ [107A]༄༅། །ལོ་འདི་དུས་ཕྱི་མ་ལ་རྣལ་འབྱོར་བ་གང་ཞིག་སྒྲུབ་པའི་ལས་བྱེད་ན། ང་ཡང་ཐུགས་དམ་ལས་མི་གཡེལ་ལ། འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་ པས་ཀྱང་ངའི་ཐུགས་དམ་རྗེས་སུ་སྒྲུབ་པར་མཛད་པས། དུས་ཐ་མ་ལ་དམ་པའི་ཆོས་འདི་རྣལ་འབྱོར་པའི་སྐུ་ལ་བསྔོ་བ་ལ་སོགས་པ་ལ་དམ་ཚིག་འབྱུང་བར་ཞལ་གྱིས་ བཞེས་སོ། །དེ་ནས་འཁོར་རྣམས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཤིན་རྗེས་དུས་ཐ་མ་ལ་འབྱུང་བར་ཞལ་གྱིས་བཞེས་པ་ལ་དགའ་ནས་ཡིད་རངས་ཏེ་མངོན་པར་བསྟོད་ དོ༑ ༑འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། མཇུག་བསྐུལ་བ་དང་གནང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།འཕགས་པ་ལས་བཞི་འཁོར་ལོ་གསང་ པ་ཆེན་པོ་རྩ་བའི་རྒྱུད་རྫོགས་སོ།། །།དེ་ནས་འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་རྣམས་ཀྱིས་ངག་མཐུན་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ ཅེས་གསོལ་ཏོ། །ཨེ་མའོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །ལས་བཞི་འཁོར་ལོའི་རྒྱུད་འདི་ལ། །ངོ་མཚར་རྨད་བྱུང་བསྟན་པ་ལ། །བདག་ཅག་ཐེ་ཚོམ་འཚལ་བ་རྣམས། །བདེར་ གཤེགས་གསུང་གི་ངོ་བོ་ཡིས། །ཞུ་བའི་དམིགས་རྣམས་བཤད་དུ་གསོལ་།འཕགས་པ་ཞེས་བགྱི་ཇི་ལྟར་ལགས། །ལས་བཞི་ཞེས་བགྱི་ཇི་ལྟར་ལགས། །འཁོར་ལོ་ [107B] །གསང་བ་ཞེས་བགྱི་ཇི་ལྟར་ལགས་།རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས། །རྣམ་དག་དབྱིངས་ལས་བཞེངས་ནས་ནི། །ཞུ་བའི་དམིགས་རྣམས་ བཤད་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་གཞན་ལ་གདུག་པར་མཛད་པ་ཡིས། །ཚངས་པའི་དབྱངས་ཀྱིས་གསུང་ཕྱུང་སྟེ། །འདི་སྐད་འཁོར་ལ་བཀའ་སྩལ་ཏོ། ། རིགས་ཀྱི་འཁོར་རྣམས་ཞུ་བ་ཡི། །དམིགས་རྣམས་ཞུ་བ་རབ་ཏུ་ལེགས་།འཕགས་པ་ཞེས་སུ་བསྟན་པ་ནི། །གདུག་པ་མ་ལུས་ཀུན་ལས་འཕགས་།ཡེ་ཤེས་སེམས་ དཔའ་འབྱུང་བའི་གཞི། །དཔེ་ཡིས་དེ་ལ་བསྒྲུན་དུ་མེད། །ལས་བཞི་ཞེས་སུ་གྲགས་པ་ཡང། །དེ་ལ་ལས་ནི་རྣམ་པ་གཉིས། །ཐབས་དང་ཤེས་རབ་འདུལ་དབང་དང། །སྐུ་ གསུམ་འཕྲིན་ལས་འདུལ་བ་སྟེ། །ཐབས་དང་ཐབས་སུ་འབྲེལ་བ་ལ་།ཤེས་རབ་འབྲེལ་པས་ཡུམ་ཞེས་བྱ། །ཆོས་དང་ལོངས་སྤྱོད་པ་ཡི་སྐུ། །འདུལ་དབང་ལས་ཞེས་བྱ་བར་ གྲགས༑ ༑དེ་ལ་བཞི་ཞེས་བྱ་བ་ཡང། །ཞི་བ་རྒྱས་པ་དབང་མངོན་ནོ། །ཞི་བ་བྱ་བའི་ངེས་ཚིག་ཀྱང། །ཏིང་འཛིན་རིམ་པ་བྱམས་པ་ལ། །འཕྲོ་འདུ་དཀར་ལ་འཚེར་བ་སྟེ། ། ཐམས་ཅད་མགུ་བར་བྱེད་པ་དང། །མི་མཐུན་པ་རྣམས་ཞི་བྱའི་ཕྱིར། །དེ་ཕྱིར་ཞི་བ་ཞེས་བྱའོ། །རྒྱས་པ་གསེར་ལྟར་སེར་བ་ལ། །ཏིང་འཛིན་སྤྲུལ་པ་མང་པོར་ཁྱབ། །ཕྱོགས་ [108A]༄༅། །བཅུར་འགྲོ་བའི་དོན་བྱས་ཏེ། །བསྐུལ་པའི་ས་ལ་གཞེས་པ་ཡི། །སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། །བདག་གི་བ་སྤུའི་བུ་ག་ནས། །ཀུན་ཏུ་ཞུགས་ ཏེ་རྒྱས་པ་ལ། །ཚེ་དང་དབང་ཐང་དཔལ་ལ་སོགས། །ཐམས་ཅད་རྒྱས་པས་རྒྱས་ཞེས་བྱ། །དེ་ལ་དབང་གི་ངེས་ཚིག་ཀྱང་།ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། ། བདག་གི་ཡིད་ལ་བསམ་པ་ཀུན། །ཡབ་ཡུམ་སྤྲུལ་པའི་ཁྱད་པར་ལས་།ཅི་འདོད་ཐམས་ཅད་དབང་དུ་སྡུད། །ལས་དང་བྱ་བ་མ་ལུས་དང་།བདག་ཉིད་ལྷ་ཡི་སྐུར་ བསྒོམས་པས། །འདུ་བར་འགྱུར་བ་གདོན་མི་ཟ། །དེ་ལ་དྲག་པོའི་འཕྲིན་ལས་ཀྱང། །གཤིན་རྗེ་གཤེད་དང་གཤེད་བདག་མོ། །ཡབ་ཡུམ་ཁྱད་པར་སྤྲིན་ལྟ་བུ། །ནམ་ མཁའ་ཁེབས་པ་བྱེད་པ་ལྟར། །གཉིས་མེད་བྱང་ཆུབ་ཁྱད་པར་ལས་།འཕྲོ་འདུ་འོད་ཟེར་སྤྲིན་ལྟ་བུ། །ནམ་མཁའ་གང་བར་ཁྱབ་པ་ལ་།ཁྲོ་བོའི་སྤྲུལ་པས་ཁེབས་གྱུར་ ཏེ༑ ༑འཇིག་རྟེན་རྡུལ་དུ་བཤིག་ནས་ནི། །གདུག་པ་མ་ལུས་ཀུན་བཏུལ་ཏེ་།སླར་བསྡུས་ཡབ་ཡུམ་སྐུ་ལ་བསྡུ། །དེ་ལྟར་ནས་དང་ཡུངས་འབྲུ་ཙམ། །མ་ལུས་ཀུན་ཏུ་ འགེངས་བྱེད་ཅིང། །དམིགས་པ་གང་ན་གནས་པ་དག་བཙལ་ཏེ་སླར་ཡང་འགུགས་ལ་སོགས། །འདི་དང་འདི་ཞེས་བྱ་མེད་པར། །འཁོར་བ་ཚང་ནས་སྤྲུགས་ [108B] །དྲག་པོའི་འཕྲིན་ལས་གྲུབ་པར་བསམ། །འཁོར་ལོ་ཞེས་སུ་བསྟན་པ་ཡང། །མི་འཁོར་འཁོར་ཕྱིར་རྩེ་མོ་འཕྲོ། །ལྟེ་བ་ལ་འཁོར་རྩེ་མོས་གཅོད། །དེ་ཕྱིར་འཁོར་ལོ་ ཞེས་སུ་གྲགས། །གསང་བ་ཞེས་སུ་གྲགས་པ་ཡང། །ཀུན་ལ་མི་བསྟན་རྩ་བ་སྟེ། །ཐུན་མོང་ཀུན་གྱི་མ་ཡིན་པས། །དེ་ཕྱིར་གསང་བ་ཞེས་བྱའོ། །དེ་ལ་རྒྱུད་ཅེས་བྱ་བ་ཡང། །ཚང་ ཞིང་འབྲེལ་པས་བཏགས་པ་དང། །བྲེང་ཆགས་དགོས་པ་སྒྲུབ་པ་ཡི་།དེ་ཕྱིར་རྒྱུད་ཅེས་བྱ་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཉི་མ་བཞི་ལ་ ལས་བཞི་ཞིག་གསུངས་ཤིང་ངེས་པར་བསྟན་པ་སྟེ། །དངོས་པོ་ཅི་ལ་བསྒོམ་པར་བགྱི། །ཞི་བ་ལ་ནི་ཇི་ལྟར་བགྱི། །སྔགས་རྣམས་ཇི་ལྟར་བཟླ་བར་བགྱི། །འཕྲིན་ལས་ངེས་ པར་བསྟན་པ་སྟེ། །རྒྱས་པ་དག་ལ་ཇི་ལྟར་བསྟན། །སྔགས་རྣམས་བརྗོད་པ་ཇི་ལྟ་བུ། །དབང་ལ་ཇི་ལྟར་བསྒོམ་པར་བགྱི། །སྔགས་རྣམས་བརྗོད་པ་ཅི་ལྟ་བུ། །དྲག་པོའི་ལས་སུ་ བསྟན་པ་ལ། །ལྷ་ནི་ཇི་ལྟར་བསྒོམ་པར་བགྱི། །བཟླས་པའི་སྔགས་རྣམས་ཇི་ལྟར་ལགས། །འཕྲིན་ལས་རྣམ་བཞིར་བསྟན་པ་དེས། །ལས་ནི་ཇི་ལྟ་བུ་ཞིག་འགྲུབ། །གྮིའམ་ གནས་ནི་ཇི་ལྟ་བུ། །དེ་དག་ཇི་ལྟ་བུ་ཡིས་བྲི། །ངེས་པར་བསྟན་པའི་མན་ངག་ལ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་ཁྲོ་འདུལ་དེས། །གསུང་ནི་ [109A]༄༅། །འདི་སྐད་བཀའ་སྩལ་ཏོ། །གང་བསྒོམ་ལྷ་རྣམས་སྐུ་མདོག་དཀར། །ཡུམ་ཡང་དེ་དང་འདྲ་བ་ལ། །ཕྱོགས་བཅུའི་འཁོར་རྣམས་རིགས་དང་སྦྱར། ། བདག་ཉིད་ཡ་མཱནྟ་ཀ་རུ། །སྐུ་མདོག་གསལ་བར་བསྒོམས་ནས་ནི་།བཟླས་པའི་སྔགས་འདི་མགུ་བས་བཟླས། །ཡ་མ་ར་ཛ་ས་ཏོ་མེ་ཡ་ཆེ་གེ་མོ་བ་ལུ་ཀ་ཤཱནྟིཾ་ཀུ་རུ་སཱཧཱ། ཡ་མེ་ ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོཀྵ་ར་ཙ་ཤཱནྟིཾ་ཀུ་རུ་སཱཧཱ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་པ་ལ་མུསྟི་ཤཱནྟིཾ་ཀུ་རུ་སཱཧཱ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་མཱ་ར་ཡ་ཤཱནྟིཾ་ཀུ་རུ་སཱཧཱ། མི་དྲག་མི་བུལ་ མི་ཞན་པར། །ཏིང་འཛིན་སྦྱོར་བ་ལྡན་བྱས་ཏེ། །ཉི་མ་རེ་ལ་རིམ་བཞིན་སྦྱར། །འགྲུབ་པར་འགྱུར་བ་གདོན་མི་ཟའོ། །འཕྲིན་ལས་ངེས་པར་གྲུབ་པ་སྟེ། །བསྒོམ་པར་བྱ་བ་སྐུ་ མདོག་སེར། །ཡུམ་ཡང་དེ་དང་འདྲ་བ་ལ། །ཕྱི་མ་རིམ་བཞིན་སྦྱར་བར་བྱ། །གསེར་ལྟ་བུ་ཡི་ཏིང་འཛིན་ལ། །འཕྲོ་འདུ་བྱང་ཆུབ་སེམས་ལྟ་བུ། །ཕྱོགས་བཅུ་མ་ལུས་དོན་བྱས་ ཏེ༑ ༑བདག་གི་ཕུང་པོ་མ་ལུས་དང། །ཚེ་དང་ལོངས་སྤྱོད་འཕེལ་བར་བསམ། །དེ་ཚེ་སྔགས་འདི་བཟླ་བར་བྱ། །ཡ་མ་ར་ཛ་ས་ཏོ་མེ་ཡ་ཆེ་གེ་མོ་པྲ་མ་ཡ། པུཥྚིཾ་ཀུ་རུ་སཱཧཱ། ཡ་ མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་ཀཀྵ་ལུཥྚིཾ་ཀུ་རུ་སཱཧཱ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་ཞིག་ས་སྟི་པུཥྚིཾ་ཀུ་རུ་སཱཧཱ། ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཞིག་མཱ་ར་ཡ་པུཥྚིཾ་ཀུ་རུ་སཱཧཱ། དེ་ཚེ་ [109B] །མཐུ་དང་ལྡན་པར་བྱས་ཏེ་ནི་།སྔགས་དེ་བཟླས་པ་བྱས་ན་ནི། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་།ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །ལྷ་ཡང་ སྐུ་མདོག་ཟངས་ལྟ་བུ། །ཡུམ་ཡང་དེ་དང་འདྲ་བར་བསྒོམ། །ལྷ་རྣམས་གཞུང་བཞིན་བསྐྱེད་པ་ནི། །མཐར་བྱེད་འབྱུང་བའི་བཟླས་པའོ། །ཡ་མ་ར་ཛ་ས་ཏོ་མེ་ཡ་ཆེ་གེ་མོ་ཧཱུཾ་ཧཱུཾ་པ་ ཤཾ་ཀུ་རུ་སཱཧཱ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀཱ་ལ་རཱུ་པ་སཱཧཱ། ཡཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཧཱུཾ་ཧཱུཾ་ཕཊ་ཕཊ་ ཀཱ་ལ་རཱུ་པ་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་ཀྱི་བཟླས་པ་བྱས་ན་ནི། །བླ་མེད་སངས་རྒྱས་ཐམས་ཅད་ཀྱང། །འདུ་ཞེས་གསུངས་ཏེ་གདོན་མི་ཟའོ། །ལྷ་ནི་སྐུ་མདོག་ལྕགས་ལྟ་བུ། ། མཐིང་ག་རབ་ཏུ་ཁྲོས་པ་ལ། །གཅེར་བུ་རལ་པ་གཅིག་སྟེ་འཇིགས། །མ་རུངས་འདུལ་བ་བསྒོམས་ནས་ནི། །བཟླས་པ་འདི་ནི་དྲག་ཏུ་བཟླས་།ཡང་མ་ར་ཛ་ས་ཏོ་མེ་ཡ་ཆེ་གེ་མོ་ ཨ་མུ་ཁཾ་པྲ་མ་ཡ་ནི་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཆེ་གེ་མོ་ཨ་མུ་ཁཾ་མུ་ར་ཙ་ཡ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཨ་མུ་ཁཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ ཨ་མུ་ཁཾ་མཱ་ར་ཡ་ཧཱུཾ་ཕཊ། བདག་ཉིད་འཇིགས་བྱེད་སྐུར་བསྒོམས་ལ། །སྔགས་ཀྱི་ཕྲེང་བས་ཕོག་གྱུར་ན། །མངོན་ཤེས་ལྡན་པའི་སངས་རྒྱས་ཀྱང། །འཆི་བར་འགྱུར་བར་གདོན་ [110A]༄༅། །མི་ཟ༑ ༑ཞི་བའི་དུས་སུ་བཟླས་པ་ཡིས། །དང་པོ་སེམས་ནི་གཡོས་པར་འགྱུར། །གཉིས་པས་ཡིད་ལ་འབྱུང་བར་འགྱུར། །གསུམ་པས་དཀར་པོའི་ངོ་ བོ་དང། །བཞི་པས་ཐམས་ཅད་ཞི་བར་འགྱུར། །རྒྱས་པའི་དུས་སུ་བཟླས་པ་ཡིས། །དང་པོས་དཔལ་ཡང་འཕེལ་བར་བྱེད། །གཉིས་པས་དབང་ཐར་སྐྱེད་པར་བྱེད། །གསུམ་ པས་གཟི་བྱིན་རྙེད་འགྱུར་ཏེ། །བཞི་པས་ཚེ་རིང་མ་ལུས་རྒྱས་པར་འགྱུར། །དབང་གི་དུས་སུ་བཟླས་པ་ཡིས། །དང་པོས་སེམས་ཀྱང་གཡོས་པར་བྱེད། །གཉིས་པས་ འཇུག་པར་ནུས་པ་སྟེ། །གསུམ་པས་དམིགས་པ་དབང་དུ་འདུ། །བཞི་པས་ཐམས་ཅད་དབང་དུ་འདུའོ། །དྲག་པོའི་བཟླས་པ་བྱས་པ་ཡིས། །དང་པོས་མགོ་ནི་འཁོར་བར་ བྱེད༑ ༑གཉིས་པས་ཡིད་འཁྲུགས་གསུམ་པས་ཁྲག་ཏུ་སྐྱུག་བཞི་པས་གདོན་མི་ཟ་བ་འོ། །གཞི་འམ་གནས་སུ་བསྟན་པ་ནི། །བཅུ་གཉིས་འཁོར་ལོ་རྩིབས་ཅན་ དེ༑ ༑ཡི་དྭགས་ཀྱི་ནི་གོས་ལ་བྲི། །ཞི་བ་པདྨ་ཟླ་བ་ལ། །རྒྱས་པ་གླང་པོའི་རྒྱབ་ཏུ་བྱ། །དབང་ནི་བུད་མེད་སྙིང་གར་ཏེ་།དགུག་པ་སེངྒེ་དྲེའུ་དང་གཉིས། །དབྱེ་བ་རྟ་དང་ མ་ཧེ་གཉིས། །སྨྱོ་འབོག་ཤ་བའི་རྒྱབ་ཏུ་བྱ། །ལྐུག་པ་ལུག་གི་ཁོང་དུ་གཞུག་བསྐྲད་པ་རྔ་མོའི་རྒྱབ་ཏུ་བྱ། །གསད་པ་སྐྱེས་བའི་སྙིང་ག་སྟེ། །མནན་པ་རི་རབ་འོག་ཏུ་ [110B] ༑སྣག་ཚའི་མཚན་ཉིད་བསྟན་པ་ཡང། །ཁྲག་སྣ་གསུམ་དང་བྱི་ལའི་གཅིན། །ཕོ་རོག་དག་གི་སྒྲོ་རྩ་ལ། །ཤི་བའི་སྐྲ་ལས་པིར་བྱས་ལ། །གང་བརྩམས་འགྲུབ་པར་ ངེས་པར་བཤད། །དེ་ནས་བཅོམ་ལྡན་འདས་བརྩམ་པའི་རྒྱལ་པོའི་ཏིང་ངེ་འཛིན་མཆོག་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ངེས་པར་བསྟན་པའི་རྒྱུད་འདི་ལ། །ཁྲོ་བོའི་ བཟླས་པ་ཇི་ལྟར་ལགས། །ཡུམ་གྱི་བཟླས་པ་ཇི་ལྟར་ལགས། །མ་མོའི་སྔགས་རྣམས་ཇི་ལྟར་ལགས། །ཁྲོ་བོའི་ཚོགས་རྣམས་ཇི་ལྟར་ལགས་།ཞེ་སྡང་འཇོམས་མཛད་ ཁྲོ་བོ་དེས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཁྲོ་བོ་ཡབ་ཡུམ་ལྕེ་ལ་བཞག་མ་མོ་སྔགས་ཀྱི་མཐུ་བྱིན་ཆེ། །ཁྲོ་བོ་མང་པོ་འོད་འཕྲོ་པའོ། །དེ་ཡི་བཟླས་པ་འདི་དག་གོ་ ཨོཾ་ཨ་ཀྲོ་དཧེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་པ་ཙ་ཏེ་ནི་ཧཱུཾ་ཕཊ། ཨོཾ་ཨཾ་ཧཱུཾ་བེ་ཏཱ་ལི་རགཤ་མན། ཨོཾ་རོ་ག་མ་དུ་ན་བྷྱོ་།ཙ་མུན་ཏ་ཀྱི་ཀྱི་མ་བྷྱོ། ནམ་གྲུ་མ་པ་ཡ་ཏི་བྷྱོ། ཨོཾ་ཨོཾ་ཨོཾ། ཀྲོ་དྷ་བཛྲ་ པསྨི༑ བཛྲ་ཀྲོ་དྷ་ཏིསྠ། བཛྲ་ཀྲོ་དྷ་ཀངྐ། བཛྲ་ཀྲོ་དྷ་སྨིག་ཤ་བཛྲ་ཀྲོ་དྷ་རག་ཁང། བཛྲ་ཀྲོ་དྷ་ཏ་ཀ་ནི་བཛྲ་ཀྲོ་དྷ་ར་ཀྵ་བཛྲ་ཀྲོ་དྷ་ཡཀྵ། བཛྲ་ཀྲོ་དྷ་ཀུཎྜ་ལི། བཛྲ་ཀྲོ་དྷ་ཀྲི་ཏ་ བཛྲ་ལོ་ཀ་བཛྲ་པསྨི། བཛྲ་ཤུ་ལ། བཛྲ་ཀུ་ལ་ན་བཛྲ་ཀངྐ། བཛྲ་མུ་ལ། བཛྲ་སྲི་ཏ། བཛྲ་བ་མུ། བཛྲ་ཤུ་ལ། བཛྲ་སྨ་ར། ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ཧུཾ་ [111A]༄༅། །ཛཧུཾ་བཾ་ཧོཿ་བྷྱོ་བྷྱོ་བྷྱོ་བྷྱོ། །དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ངེས་ པར་བསྟན་པའི་རྒྱུད་འདི་ལ། །ཚེ་ཞེས་བགྱི་བ་ཇི་ལྟར་ལགས་།ཡུངས་ཀར་སྒྲུབ་པ་ཇི་ལྟར་ལགས། །དེ་ཡིས་ལས་ནི་ཅི་ཞིག་འགྲུབ་།ཕུར་བུ་ཞེས་བགྱི་ཇི་ལྟར་ལགས། །དང་ པོ་དམ་བཅའ་ཇི་ལྟར་ལགས། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ལ། །དེ་སྐད་ཅེས་ནི་ཞུས་པ་དང། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཚེ་ཞེས་བྱ་བའི་དོན་འདི་ཡང། །ཆོས་ཉིད་ སྤྲོས་པ་མེད་པ་ལ། །ཀུན་ཏུ་མི་འགྱུར་ནམ་མཁའ་འདྲ། །བསྐྱོད་མེད་དུས་ཀྱིས་གཤིག་ཏུ་མེད། །འགྲོ་བ་འཁྲུལ་པའི་ངོ་གང་ལ། །བག་ཆགས་ངན་པས་བསླུས་པ་ཡིས། །ཚེ་ ལ་བར་ཆོད་འོང་བར་གསུངས། །དེ་ཕྱིར་ཚེ་ཡི་སྒྲུབ་པ་གསུངས་།ཡུངས་ཀར་སྒྲུབ་པའི་མཚན་ཉིད་ཀྱང། །བག་ཆགས་འཁྲུལ་པས་གནོད་འགྱུར་བ། །མི་མཐུན་པ་དང་ གཉེན་པོ་སྟེ། །དེ་དག་འདུལ་བའི་དོན་དུ་བསྟན། །དེ་ནི་ལས་ཀྱི་འབྲས་བུ་ཡང། །སྔོན་ནས་ལས་ངན་མཐུ་བརྟགས་ཏེ། །མི་མཐུན་པ་དེ་འགུགས་པར་བྱེད། །དེ་ནས་ ཡུངས་ཀར་རྒྱལ་པོས་བྱའོ། །ཕུར་བུ་ཞེས་སུ་བསྟན་པ་ཡང། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །གཉིས་མེད་མཁའ་ལ་གནས་བསམས་ཏེ་།ཕུར་བུ་ཞེས་ནི་དེ་ལ་བྱའོ། ། [111B] །དེ་ཕྱིར་ཕུར་བུ་ཞེས་སུ་བསྟན། །དང་པོར་དམ་བཅས་འདི་ལྟར་རོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང། །གོས་ ངན་རེ་བ་གོན་པ་དང། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང། །དུས་ངན་ཐ་མ་བྱུང་བའི་ཚེ། །ལྷ་མོའི་ནང་ན་འོད་ཟེར་ཅན། །འཕགས་པའི་ནང་ན་འཇམ་ དཔལ་གཉིས། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ལ་མ་ཡིན་ནོ། །ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །ངེས་པར་དབང་དུ་མ་གྱུར་པའི། །དང་པོ་འདས་ དང་ད་ལྟར་གྱི། །ཕྱིས་འབྱུང་བ་ནི་གང་ཡང་མེད། །དགྲ་བགེགས་འབུམ་མམ་སྟོང་ཡང་རུང། །དེ་མ་ཐག་ཏུ་རླག་པར་བྱེད། །ཁྲག་གི་ཆར་ཡང་འབེབས་པར་བྱེད། །ཅེས་གསུངས་ པས༑ འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཚར་བཅད་དེ་དྲག་པོའི་འཕྲིན་ལས་གྲུབ་པར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱིས་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་པོ་ ལ་འདི་སྐད་ཅེས་བསྟོད་དོ། །འཕགས་པ་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཚད་མེད་བཞི་ཡི་ངང་ཉིད་རྣམ་དག་པས། ། བདག་ཉིད་ཁྲོ་བོ་འབར་པའི་སྐུར་སྟོན་ཅིང། །ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲག་པོ་རྣམས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་སྒྲོལ་བར་མཛད། །མ་ཧེའི་སྟེང་ན་ཞབས་ནི་ [112A]༄༅། །བརྐྱང་བསྐུམ་གནས། །ལས་ཀྱི་དབྱུག་པ་དག་གིས་རྡུལ་དུ་རློག་ཀླུ་ཡི་རྒྱལ་པོས་སྐུ་ལ་བརྒྱན་པ་ནི། །སྙན་ཆ་མགུར་དང་དབུ་དང་ཕྱག་ཞབས་ རྣམས༑ ༑ཡན་ལག་ལྔ་ལ་ངེས་པར་དཀྲིས་ཏེ་གནས། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འབར། །སྤྱན་གསུམ་གཉིས་མེད་རྣམ་ཐར་དོན་ལ་གཟིགས། །མགོ་བཅད་ཕྲེང་ བས་དབུ་ཡི་རྒྱན་དུ་བྱས། །ལྗགས་དང་མཆེ་བ་གློག་ལྟར་འདྲིལ་ཞིང་འབར། །འཇིགས་བྱེད་དྲག་པོའི་ཞལ་སྤྱན་རབ་ཏུ་བགྲད། །མི་ལྤགས་རློན་པ་དག་གིས་སྟོད་ གཡོགས་ཤིང། །སྟག་ལྤགས་རློན་པས་སྐུ་ཡི་རྒྱན་དུ་བྱས། །དེ་འདྲའི་སྐུ་མདོག་འབར་བའི་ཆ་ལུགས་འཆང། །ངོ་མཚར་རྨད་བྱུང་ཆེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ ནས་གཉིས་སུ་མེད་པར་གྱུར་ཏོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས་ལེའུ་བཅུ་བཞི་པའོ།། །།འཕགས་པ་ལས་བཞི་འཁོར་ལོ་གསང་བའི་ རྒྱུད་ལས། རྒྱུད་ཀྱི་ཕྱི་མ་རིམ་པར་བཀོད་པ་རྫོགས་སོ།། །།